དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་གྲངས་འཛིན་དཔེ་སྐྲུན་ཐོན་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་1.35ལྷག་ཙམ་ཟིན་པ།

    2022ལོར་ལོ་གོང་མ་ལས་6.46%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-09

    ཉེ་ཆར་གསར་འགོད་པར་ཀྲུང་གོའི་གྲངས་འཛིན་དཔེ་སྐྲུན་དངོས་མང་སྟོན་ཚོགས་སྐབས་བཅུ་གསུམ་པ་ནས་ཤེས་རྟོགས་བྱུང་བར། 2022ལོར་རང་རྒྱལ་གྱི་གྲངས་འཛིན་དཔེ་སྐྲུན་ཐོན་ལས་འཕེལ་རྒྱས་ཅུང་ཆེན་པོ་ཕྱིན་ཏེ་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་13586.99ཟིན་ནས་ལོ་གོང་མ་ལས་6.46%འཕར་ཡོད་པ་རེད།

    སྲོལ་རྒྱུན་གྱི་དཔེ་དེབ་དང་། ཚགས་པར། དུས་དེབ་བཅས་ཀྱི་གྲངས་འཛིན་ཅན་གྱི་ཡོང་འབབ་འཕར་ཚུལ་མངོན་ཞིང་། 2022ལོར། དྲ་སྦྲེལ་དུས་དེབ་དང་། གློག་རྡུལ་དཔེ་དེབ། གྲངས་འཛིན་ཚགས་པར་བཅས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་104.91ཟིན་པ་དེ་2021ལོའི་སྒོར་དུང་ཕྱུར་101.17དང་བསྡུར་ན་3.7%འཕར་ཡོད་པ་རེད།

    གསར་དར་དཔེ་སྐྲུན་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་མུ་མཐུད་ཡག་པོ་མངོན་ཞིང་། 2022ལོར། དྲ་ཐོག་སློབ་གསོའི་ཡོང་འབབ་སྒོར་དུང་ཕྱུར་2620དང་དྲ་རྒྱའི་འགུལ་རིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་330.94ཟིན་ཡོད། 2022ལོར། དྲ་རྒྱའི་རྩོམ་རིག་རྒྱུན་མཐུད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་ནས་ཕྱིར་གཏོང་བརྟན་པོ་བྱུང་སྟེ་ཕྱི་རྒྱལ་དུ་ཁྱབ་སྤེལ་བྱེད་ནུས་དང་ཤུགས་རྐྱེན་ཐེབས་ནུས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། 2022ལོའི་ལོ་མཇུག་བར། ཀྲུང་གོའི་དྲ་རྒྱའི་རྩོམ་རིག་བརྩམས་ཆོས་ཕྱི་རྒྱལ་དུ་ཁྱོན་ཁྲི་1.6ལྷག་ཙམ་ཕྱིར་གཏོང་བྱས་པ་དང་། དེའི་ནང་དཔེ་དེབ་ལ་དབང་ཆ་སྤྲོད་ཚད་ཁག་6400ལྷག་ཙམ་ཟིན་པ་དང་། དྲ་ཐོག་ཡིག་སྒྱུར་བརྩམས་ཆོས་ཁག་9600ལྷག་ཙམ་ཟིན་པ། དྲ་རྒྱའི་རྩོམ་རིག་གི་ཕྱི་རྒྱལ་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་30ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།