དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་མྱུར་སྐྱེལ་བསྐུར་མ་དུང་ཕྱུར་51.47ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-09

    གསར་འགོད་པས་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་རིང་རྒྱལ་ཡོངས་སུ་མྱུར་སྐྱེལ་བསྐུར་མ་དུང་ཕྱུར་51.47ལྷག་ཙམ་ཟིན་པས་སྤྱིའི་ཆ་ནས་ཅུང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། དེའི་ནང་བསྐུར་མ་དུང་ཕྱུར་25.75འབྱོར་བ་དང་། ཉིན་རེའི་ཆ་སྙོམས་འབྱོར་ཚད་དེ་ན་ནིང་གི་དུས་མཚུངས་ལས་8.6%འཕར་བ་དང་2019ལོའི་དུས་མཚུངས་ལས་122.6%འཕར་ཡོད། བསྐུར་མ་དུང་ཕྱུར་25.72བསྐུར་བ་དང་ཉིན་རེའི་ཆ་སྙོམས་བསྐུར་ཚད་ན་ནིང་གི་དུས་མཚུངས་ལས་18.7%འཕར་བ་དང་2019ལོའི་དུས་མཚུངས་ལས་133.9%འཕར་ཡོད་པ་རེད།

    འདི་ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན“དུས་ཆེན་གཉིས”མཉམ་དུ་འཁེལ་ཡོད་པས། ཆུ་ཐོན་ཐོན་རྫས་སོས་པ་དང་། ཡུལ་ཟོག དམངས་སྲོལ་ལག་ཤེས་ཐོན་རྫས། ཡུལ་སྐོར་སྒྲིག་ཆས་སོགས་ཀྱི་བསྐུར་བའི་དགོས་མཁོ་ཅུང་ཆེན་པོ་ཡོད། སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས་ཞབས་ཞུའི་ཇུས་གཞི་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། “མྱུར་སྐྱེལ+”ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། མཁོ་སྤྲོད་འཁོར་འབྲེལ་གྱི་དོ་དམ་ནུས་པ་ཆེ་རུ་གཏོང་བ། འགྲིམ་འགྲུལ་བྱ་ཐབས་སྣ་ཚོགས་ཕྱོགས་བསྡུས་ཐོག་སྤྱོད་པ་བཅས་བྱས་ནས་ཐོན་རྫས་ཐོན་ཡུལ་གྱི་ཞིང་དུད་དང་། བཟོ་སྐྲུན་ཁེ་ལས། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བ་བཅས་ལ་རིགས་མང་ལ་རྣམ་པ་མང་བའི་སྔོན་མངགས་མྱུར་སྐྱེལ་ཞབས་ཞུ་མཁོ་འདོན་བྱས་ཏེ་འཛད་སྤྱོད་རྒྱུན་མཐུད་ངང་སླར་གསོ་ཐུབ་རྒྱུར་རམ་འདེགས་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།

    དུས་ཆེན་རིང་མྱུར་སྐྱེལ་བསྐུར་མ་དུང་ཕྱུར་བཅུ་གྲངས་ཀྱིས་འཛད་སྤྱོད་པ་ཁྲི་སྟོང་མང་པོའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་མངོན་འགྱུར་ཐུབ་པ་དེ་ཐོག་ནས་རང་རྒྱལ་གྱི་འཛད་སྤྱོད་ཀྱི་རྨང་གཞི་བརྟན་ལ་མི་མངོན་པའི་སྟོབས་ཤུགས་ངེས་ཅན་ཡོད་པའི་རྣམ་པ་བཟང་པོ་མཚོན་པ་དང་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ངང་ལེགས་སུ་འགྲོ་བའི་སྒུལ་ཤུགས་ཆེན་པོའང་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།