དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་གུང་གསེང་རིང་ཡུལ་སྐོར་ལྟ་སྐོར་ཞབས་ཞུའི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་ལྡབ་1.1འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-09

    ཉེ་ཆར་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་གནས་ཐང་འཕར་ཁྲལ་གྱི་སྤ་སེའི་གྲངས་གཞི་སྤྱད་པ་དང་ཁེ་ལས་ཀྱི་བརྟག་ཞིབ་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་འབྲེལ་ཡོད་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་གནས་ཚུལ་ཐད་དབྱེ་ཞིབ་བྱས་པའི་འབྲས་བུ་ལས་མངོན་པར། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་གུང་གསེང་རིང་གྲོང་མིའི་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ཆེ་ལ་མི་ཚོགས་ཀྱིས་ཁེངས་པ་དང་། འཛད་སྤྱོད་ཀྱི་འབྲེལ་ཡོད་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་21.3%འཕར་བའི་ནང་། ཞབས་ཞུའི་འཛད་སྤྱོད་དང་ཚོང་ཟོག་འཛད་སྤྱོད་དུས་མཚུངས་ལས་20.9%དང་21.6%སོ་སོར་འཕར་བ་རེད།

    ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་གུང་གསེང་རིང་གྲོང་མི་ཡུལ་སྐོར་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ལ། ཡུལ་སྐོར་དང་ལྟ་སྐོར་གྱི་ཞབས་ཞུའི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་ལྡབ་1.1འཕར་བའི་ནང་། ལམ་ཐག་རིང་བའི་ཡུལ་སྐོར་དང་རྒྱལ་གྲོལ་ཡུལ་སྐོར་སླར་གསོ་བྱུང་ནས་ཡུལ་སྐོར་ལས་དོན་ཁང་དང་འབྲེལ་ཡོད་ཞབས་ཞུའི་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་ལྡབ་1.7འཕར་བ་དང་། གྲགས་ཅན་མཛེས་ལྗོངས་ཁུལ་དང་སོས་དལ་ལྟ་སྐོར་བྱེད་སྒོའི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་ལྡབ་2དང་43.8%འཕར་བ། རོལ་རྩེད་གླིང་གི་ཡུལ་སྐོར་བ་འགུག་ཤུགས་ཆེ་རུ་ཕྱིན་ནས་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་81.2%འཕར་བ་བཅས་ལ་སྐུལ་ཁྲིད་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།