དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་གུང་གསེང་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་4.58ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-10-09

    གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་གུང་གསེང་རིང་། རྒྱལ་ཡོངས་ཀྱི་ལྕགས་ལམ་དང་། གཞུང་ལམ། ཆུ་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བསྡོམས་འབོར་རིམ་རྩིས་བརྒྱབ་ན་མི་ཐེངས་དུང་ཕྱུར་4.58ཟིན་པ་དང་། ཆ་སྙོམས་ཉིན་རེར་མི་ཐེངས་ཁྲི་5727.7ཟིན་ནས་ན་ནིང་གི་དུས་མཚུངས་ཀྱི་ཉིན་རེའི་ཆ་སྙོམས་ལས་57.1%འཕར་ཡོད་པ་རེད།

    ཕྱིར་སྐྱོད་ལ་བལྟས་ན། གུང་གསེང་རིང་། ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་རིམ་རྩིས་བརྒྱབ་ན་མི་ཐེངས་དུང་ཕྱུར་1.41ཟིན་པ་དང་། ཆ་སྙོམས་ཉིན་རེར་མི་ཐེངས་ཁྲི་1763.6ཟིན་ནས་ན་ནིང་གི་དུས་མཚུངས་ཀྱི་ཉིན་རེའི་ཆ་སྙོམས་ལས་158.0%འཕར་བ་དང་། གཞུང་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་རིམ་རྩིས་བརྒྱབ་ན་མི་ཐེངས་དུང་ཕྱུར་2.9ཟིན་པ་དང་། ཆ་སྙོམས་ཉིན་རེར་མི་ཐེངས་ཁྲི་3623.2ཟིན་ནས་ན་ནིང་གི་དུས་མཚུངས་ཀྱི་ཉིན་རེའི་ཆ་སྙོམས་ལས་28.1%འཕར་བ། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་1708.5ཟིན་པ་དང་། ཆ་སྙོམས་ཉིན་རེར་མི་ཐེངས་ཁྲི་213.6ཟིན་ནས་ན་ནིང་གི་དུས་མཚུངས་ཀྱི་ཉིན་རེའི་ཆ་སྙོམས་ལས་195.0%འཕར་བ། ཆུ་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་1018.1ཟིན་པ་དང་། ཆ་སྙོམས་ཉིན་རེར་མི་ཐེངས་ཁྲི་127.3ཟིན་ནས་ན་ནིང་གི་དུས་མཚུངས་ཀྱི་ཉིན་རེའི་ཆ་སྙོམས་ལས་106.1%འཕར་བ། སྒེར་འཁོར་བཏང་ནས་ཕྱིར་སྐྱོད་མཁན་ཆེས་ཆེར་མང་དུ་ཕྱིན་ཡོད། གུང་གསེང་རིང་། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་འཁོར་ཐེངས་དུང་ཕྱུར་4.83ཟིན་པ་དང་། ཆ་སྙོམས་ཉིན་རེར་འཁོར་ཐེངས་ཁྲི་6043ཟིན་ཡོད་པ་རེད།

    གུང་གསེང་རིང་ཕྱིར་སྐྱོད་མཁན་རྒྱུན་མཐུད་ཧ་ཅང་མང་བའི་གནས་ཚུལ་ལ་དམིགས་ནས། ས་གནས་ཁག་གི་འགྲིམ་འགྲུལ་སྡེ་ཚན་གྱིས་ལམ་དྲ་བཀོད་གཏོང་དང་། སྐྱེལ་འདྲེན་སྒྲིག་འཛུགས། བདེ་འཇགས་འཕྲལ་སྡོམ། འགག་བཤང་ཤར་བགྲོད་སོགས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པས། གུང་གསེང་ཉིན་བརྒྱད་རིང་རྒྱལ་ཡོངས་ཀྱི་བགྲོད་ལམ་འགྲིམ་འགྲུལ་དྲ་བའི་འཁོར་སྐྱོད་སྤྱིར་ན་བརྟན་ལ་བརྒྱུད་རིམ་ལྡན་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།