དབུ་ཤོག
  • “ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

    བོད་ཀྱིས་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-09

    ཟླ་10ཚེས་5ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་ཉིང་ཁྲིར་འགོ་ཚུགས་ཤིང་། འདི་ནི་གླེང་སྟེགས་འཚོག་ཡུལ་ཡིན་པ།

    ཟླ་10ཚེས་5ཉིན་གྱི་དགོང་མོར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་དུ་འཚོགས་ཤིང་། གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། 

    བོད་ཀྱིས་ཆོག་འཐུས་ཆ་རྐྱེན་སྔར་བས་ལྷུག་ཏུ་གཏོང་བ་དང་སྒོ་དབྱེའི་ལས་སྟེགས་ཡག་པོ་གཉེར་ནས་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཁོངས་ཆེ་རུ་ཧུར་ཐག་གཏོང་བ་དང་། ཕྱི་རྒྱལ་གྱི་ཚོང་པས་མ་རྩ་འཇོག་པར་ཆོག་འཐུས་མ་བྱས་གོང་གི་རྒྱལ་དམངས་ཀྱི་ཐོབ་ཐང་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་ལམ་ལུགས་དོན་འཁྱོལ་བཅས་བྱས་ཏེ་དྲང་གཞག་འགྲན་རྩོད་ཀྱི་འགན་སྲུང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལྷ་སའི་སྒོ་ཁྲལ་མེད་ཁུལ་དང་། སྐྱིད་གྲོང་གསར་སྤེལ་སྒོ་དབྱེའི་ཚོད་ལྟ་ཁུལ། མཐའ་མཚམས་མཉམ་ལས་ཁུལ། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་སོགས་ལས་སྟེགས་བསྐྲུན་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་། ཉིང་ཁྲིའི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་དང་། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས། “ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སོགས་ཀྱི་བྱེད་སྒོ་སྤུས་ཚད་མཐོ་པོ་དང་ཚད་གཞི་མཐོ་པོས་ཡག་པོ་གཉེར་བ། རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མཛའ་གྲོགས་རྒྱལ་སྤྱིའི་རྩ་འཛུགས་སོགས་དང་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བོད་དང་འཛམ་གླིང་ས་གནས་ཁག་དབར་གྱི་སྤེལ་རེས་དཔྱད་འཛིན་དང་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།

    བོད་ཀྱིས་ད་དུང་འགག་སྒོ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཕྱི་ཕྱོགས་ཚོང་དོན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་ཆབས་ཅིག རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་བགྲོད་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་རེད། བདེ་འཇགས་དང་། ནུས་ཕྱོད། རིག་ལྡན། ཁྲིམས་སྐྱོང་། ལྗང་མདོག་བཅས་ཀྱི“རྣམ་པ་ལྔའི”འགག་སྒོ་འཛུགས་སྐྲུན་ལ་མུ་མཐུད་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དང་། འགག་སྒོའི་ནུས་པ་དང་དངོས་ཟོག་འགག་སྒྲོལ་ལ་ལྟ་འདོམས་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་རྒྱུ། འགག་སྒྲོལ་ལས་ཕྱོད་ཆེ་རུ་བཏང་ནས་སྲོལ་རྒྱུན་གྱི་མཐའ་མཚམས་མི་སེར་གྱི་ཁྲོམ་ར་རིམ་བཞིན་སླར་གསོ་དང་སྒོ་མོ་འབྱེད་རྒྱུ། ཚོང་དོན་ཟོག་འགྲེམས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་སྐམ་སའི་ཚོང་དོན་བགྲོད་ལམ་ཤར་གཏོང་བྱ་རྒྱུ་བཅས་རེད། ནུས་ཤུགས་ཡོད་རྒུས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མཚོ་བོད་དང་ཁྲོན་བོད་སོགས་རྒྱལ་ཁབ་དང་ཞིང་ཆེན་ལམ་གྱི་གཞུང་ལམ་ཨ་མའི་སྤུས་ཚད་མཐོ་རུ་དང་སྒྲུར་བཀོད་བྱས་ནས་བོད་ལྗོངས་མཁའ་འགྲུལ་ལྷ་ས་འཁོར་སྐྱོད་འགན་ལེན་ལྟེ་གནས་གསར་པ་བསྐྲུན་པར་ཇུས་འགོད་བྱ་རྒྱུ་དང་། རྒྱལ་སྤྱིའི་མཁའ་འགྲུལ་ལམ་ཐིག་སླར་གསོ་དང་མང་དུ་གཏོང་རྒྱུ། རྒྱལ་མཚམས་སྒྲོལ་བའི་ལྕགས་ལམ་སོགས་སྐྱེལ་འདྲེན་བགྲོད་ལམ་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་བཅས་རེད།

    བོད་ཀྱིས་ཡུལ་སྐོར་ལས་རིགས་ཀྱི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་རེད། གངས་ཏི་སེ་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་མཉམ་དུ་ཧུར་ཐག་བསྐྲུན་ནས་བོད་ཀྱི་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ། མཛའ་གྲོགས་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། ཡུལ་སྐོར་ཁྲོམ་ར་རྒྱ་ཆེར་གཏོང་བ། ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པ་བརྒྱུད་རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།