ཧང་ཀྲོའུ་ཨེ་ཤེ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་ནང་ཀྲུང་གོའི་ལུས་རྩལ་པར་གསེར་གྱི་རྟགས་མ་19ཐོབ་པ།
ཏག་སེ།
ཟླ་10ཚེས་6ཉིན། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཏག་སེའི་འགྲན་བསྡུར་གྱི་བུད་མེད་ཚོགས་པའི་མཐའ་བསྡུར་མཇུག་འགྲིལ་ཞིང་། ཀྲུང་གོའི་རུ་ཁག་གིས་ཀྲུང་གོའི་ཐའེ་པེ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་གསེར་གྱི་རྟགས་མ་བླངས་པ་དང་། ཀྲུང་གོའི་ཤང་ཀང་རུ་ཁག་དང་སིང་ཀ་ཕོར་གྱི་རུ་ཁག་ལ་ཟངས་ཀྱི་རྟགས་མ་ཐོབ་ཡོད། འདི་ནི་གསེར་གྱི་རྟགས་མ་ཐོབ་མཁན་ཀྲུང་གོའི་རུ་ཁག་གི་རུ་མི་ལིའུ་ཡན་དང་། རན་ཅིང་རུང་། ཧོང་ཡན། ཡུས་ཤིའུ་ཐིང་བཅས་ཀྱིས་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་བཞིན་པ།
ལྗིད་འདེགས།
ཟླ་10ཚེས་6ཉིན། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ལྗིད་འདེགས་རྣམ་གྲངས་ཀྱི་བུད་མེད་ཀྱི་སྤྱི་རྒྱ་87རིམ་པའི་འགྲན་བསྡུར་ཧང་ཀྲོའུ་ཤའོ་ཧྲན་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཁང་དུ་སྤེལ་ཞིང་། ཀྲུང་གོའི་བདམས་ཐོན་པ་ལེའང་ཞའོ་མེས་སྤྱིའི་གྲུབ་འབྲས་སྤྱི་རྒྱ་275ཡི་ཐོག་ནས་ཨང་དང་པོ་བླངས་པ་རེད། འདི་ནི་ཀྲུང་གོའི་བདམས་ཐོན་པ་ལེའང་ཞའོ་མེ(མདུན་གྱི་གཡོན་གྱི་གཉིས་པ)ཡིས་རུ་མི་དང་པར་རྒྱག་བཞིན་པ།
སྐྱེས་པའི་སྨི་1000གི་གྲུ་གཟིངས་འབྲུག་གཟུགས་མའི་ཐད་རྒྱུག་འགྲན་བསྡུར།
ཟླ་10ཚེས་6ཉིན། ཀྲེ་ཅང་དབུན་ཀྲོའུ་གྲུ་གཟིངས་འབྲུག་གཟུགས་མའི་ལུས་རྩལ་ལྟེ་གནས་སུ་བྱས་པའི་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་ཚོགས་ཆུང་གི་མི་12ཀྱི་སྨི་1000གི་གྲུ་གཟིངས་འབྲུག་གཟུགས་མའི་ཐད་རྒྱུག་མྱུར་ཚད་འགྲན་བསྡུར་ཁྲོད་ཧིན་རྡུ་ཉི་ཞི་ཡ་རུ་ཁག་གིས་སྐར་མ་4དང་སྐར་ཆ་31དང་གྲངས་ཆུང་135ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་པ་རེད། ཀྲུང་གོའི་རུ་ཁག་ལ་ཨང་གཉིས་པ་ཐོབ་པ་དང་འབར་མའི་རུ་ཁག་ལ་ཨང་གསུམ་པ་ཐོབ་ཡོད། འདི་ནི་ཟླ་10ཚེས་6ཉིན་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་མཐའ་བསྡུར་ནང་ཞུགས་བཞིན་པ།
ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་འགྲན་བསྡུར་ཚེས་5ཉིན་མཇུག་འགྲིལ་ཞིང་། འགྲན་བསྡུར་རྣམ་གྲངས་48ནང་ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ་19དང་། དངུལ་གྱི་རྟགས་མ་11 ཟངས་ཀྱི་རྟགས་མ་9བཅས་ཐོབ་ནས་གསེར་གྱི་རྟགས་མ་དང་བྱ་དགའི་རྟགས་མའི་ཁ་གྲངས་ཨང་དང་པོར་སླེབས་ཏེ་1986ལོར་ཧན་ཁྲེང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་འཚོགས་ཚུན་སྐབས་10པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་བསྟུད་མར་ཨང་དང་པོའི་གནས་བབ་རྒྱུན་འཁྱོངས་ཐུབ་ཡོད།
སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་གྱི་རུ་ཁག་ལ་གྲུབ་འབྲས་བཟང་པོ་ཐོབ་པ་དང་ཆབས་ཅིག་རྣམ་གྲངས་ཁག་གཅིག་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། ཚེས་5ཉིན་སྐྱེས་པའི་མར་སུན་འགྲན་རྒྱུག་ནང་རྒྱལ་ཡོངས་ཀྱི་ཟིན་ཐོ་བཏོད་མཁན་ཧོ་ཅེས་ཆུ་ཚོད་2དང་སྐར་མ་13དང་སྐར་ཆ་02ཀྱི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་ཤིང་། འདི་ནི་ཀྲུང་གོའི་རུ་ཁག་ལ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་སྐྱེས་པའི་མར་སུན་འགྲན་རྒྱུག་གི་གསེར་གྱི་རྟགས་མ་ཐོབ་ཐེངས་དང་པོ་དེ་རེད།
སྐབས་གོང་མའི་ཅ་ཁར་ཐ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་བོད་རིགས་ཀྱི་བདམས་ཐོན་པ་སྟོབས་རྒྱལ་ལ་ཨང་གསུམ་པ་ཐོབ་ནས་ཀྲུང་གོའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་སྐྱེས་པའི་མར་སུན་རྒྱང་རྒྱུག་འགྲན་བསྡུར་གྱི་གཟེངས་རྟགས་དང་པོ་ཐོབ་ཡོད། ད་ཆ་ཧོ་ཅེ་ཡིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་པ་དང་རྒྱལ་ནང་དུ་མར་སུན་རྒྱང་རྒྱུག་གི་ཚ་རླབས་འཕྱུར་ནས་ལོ་བཅུ་ལྷག་ཙམ་འཕེལ་རྒྱས་ཕྱིན་རྗེས་ཀྲུང་གོའི་སྐྱེས་པའི་བདམས་ཐོན་པས་མཐར་རྒྱལ་སྤྱིའི་འགྲན་བསྡུར་ཆེན་པོར་བྱ་དགའ་མཐོ་ཤོས་བླངས་ཡོད།
ཧོ་ཅེ་དང་འདྲ་བར་ནུས་ཤུགས་ཡོད་རྒུས་ལོ་རྒྱུས་ཀྱི་ཟིན་ཐོ་གཏོད་མཁན་གྲས་སུ་ད་དུང་ཀྲུང་གོའི་རུ་ཁག་གི་ཐུང་རྒྱུག་ལུས་རྩལ་པ་རྣམས་ཡོད། ཟླ་9ཚེས་30ཉིན་གྱི་དགོང་མོར། ཆན་ཐང་གཙང་འགྲམ་གྱི“མེ་ཏོག་པད་མའི”ལུས་རྩལ་ཁང་དུ་དགའ་འབོད་དང་ཐལ་མོའི་རྡེབ་སྒྲས་ཁེངས། ཀོ་མན་ཆི་དང་ཤེ་ཀྲེན་ཡེ་ལ་སྔ་རྗེས་སུ་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་དང་སྐྱེས་པའི་སྨི་100ཡི་གསེར་གྱི་རྟགས་མ་ཐོབ་ནས་རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་ཏུ་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་གྱི་ལོ་རྒྱུས་ཟིན་ཐོ་བཏོད་ཡོད། འདི་ནི་ཀྲུང་གོའི་བདམས་ཐོན་པར་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་སྐྱེས་པ་དང་བུད་མེད་ཀྱི་སྨི་100ཡི་གསེར་གྱི་རྟགས་མ་རག་ཐེངས་དང་པོ་ཡིན་ལ། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་འཐུས་མི་ཚོགས་པ་གཅིག་གི་བདམས་ཐོན་པས་སྐྱེས་པ་དང་བུད་མེད་ཀྱི་སྨི་100ཡི་ཨང་དང་པོ་རག་ཐེངས་དང་པོའང་ཡིན།
ཟླ་10ཚེས་3ཉིན། ཀྲུང་གོའི་ཐུང་རྒྱུག་ལ་མུ་མཐུད་གྲུབ་འབྲས་ཐོབ་ཅིང་། ཤེ་ཀྲེན་ཡེ་དང་ཀེ་མན་ཆི་ཡིས་ཀྲུང་གོའི་སྐྱེས་པ་དང་བུད་མེད་ཀྱི་4×སྨི་100ཡི་མཐུད་རྒྱུག་རུ་ཁག་གི་སྣེ་ཁྲིད་དེ་གསེར་གྱི་རྟགས་མ་བླངས་པ་མ་ཟད། སྐྱེས་པ་དང་བུད་མེད་ཀྱི་སྨི་100དང་4×སྨི་100ཡི་མཐུད་རྒྱུག་གི་གསེར་གྱི་རྟགས་མ་བཞི་ཀ་བླངས་ཡོད།
མིག་རྒྱང་རིམ་པ་དེ་བས་མཐོ་བའི་འཛམ་གླིང་གར་སྟེགས་ལ་ཕྱོགས་དགོས། ཀྲུང་གོའི་རུ་ཁག་ལ་ད་ཐེངས་གསེར་གྱི་རྟགས་མ་19ཐོབ་རུང་། གསེར་གྱི་རྟགས་མ་ཐོབ་པའི་རྣམ་གྲངས་དེ་དག་ནང་འཛམ་གླིང་འགྲན་བསྡུར་ཆེན་པོའི་འགྲན་རྩོད་ནུས་པ་ཆེ་ཙམ་ལྡན་པའི་རྣམ་གྲངས་མང་པོ་མེད། དོན་སྙིང་གཞན་ཞིག་ནས་བརྗོད་ན། སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ནི་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་གྱི་ངོས་ནས་བརྗོད་ན། མཐོ་རྒྱུགས་གོང་གི་ཚོད་ལྟའི་ཡིག་རྒྱུགས་ཤིག་དང་མཚུངས་ཡོད།
སང་ལོའི་ཕ་རི་སིའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་འཚོགས་པར་ད་དུང་ཟླ་བ་བཅུ་ལྷག་ཙམ་གྱི་དུས་ཚོད་ཡོད། གྲུབ་འབྲས་ཀྱིས་ཕྱུག་པའི་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་རུ་ཁག་གིས་མཐའ་མའི་གྲ་སྒྲིག་གི་དུས་ཚོད་དམ་འཛིན་ཡག་པོ་བྱས་ཏེ་མི་འདང་ས་ཕྱོགས་སྡོམ་དང་། གནད་དོན་བཙལ་འཚོལ། གྲ་སྒྲིག་ཨང་གསར་བཅས་བྱས་ནས་ཕ་རི་སིའི་འགྲན་རར་སླར་ཡང་གྲུབ་འབྲས་གསར་པ་གཏོད་པའི་བརྩོན་ལེན་བྱེད་བཞིན་ཡོད།