དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉིང་ཞ་དབྱིན་ཁྲོན་གྱིས་མཚན་མོའི་ཡུལ་སྐོར་ལ་བརྟེན་ནས “མཚན་མོའི་དཔལ་འབྱོར”འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-10-08

    ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་རིང་ཧོ་ལན་རི་བོའི་འདབས་ཀྱི་གྲོང་རྡལ་ཆུང་ངུ་ཞིག་ཏུ་འཁྲུག་ཆ་ཧ་ཅང་དོད་པ་དང་། ཡུལ་དེས་གུང་གསེང་གི་ཉིན་དང་པོ་ནས་བཟུང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་མི་ཐེངས་ཁྲི་12ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། ཉི་མ་ལ་ཁར་བཞུད་པ་ནས་ཉ་གང་ཟླ་བ་ཤར་བའི་བར་ངོ་མཚར་ཆེ་བའི་ལེ་ཚན་མང་པོ་ཞིག་འདི་གར་འཁྲབ་སྟོན་བྱེད་ཀྱི་ཡོད།

    འདི་གར་ནི་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་དུ་ཡོད་པའི་མན་ཕུའུ·ཧོ་ལན་གྱི་སྒྱུ་རྩལ་འཁྲབ་སྟོན་གྲོང་རྡལ་ཆུང་ངུ་ཡིན་པ་དང་། འཁྲབ་སྟོན་ཉམས་ལེན་གཙོ་བོར་བྱས་ནས་ལེ་ཚན་ཆེ་གྲས་7དང་། ངོ་མཚར་ཆེ་བའི་འཁྲབ་སྟོན་རིགས་16 ཟློས་གར་36བཅས་བཀོད་སྒྲིག་བྱས་ནས་ཡུལ་སྐོར་བར་འཁྲབ་སྟོན་ལྟ་བ་དང་། ནུབ་བྱང་གི་ཞིམ་ཟས་མྱོང་རོལ། སྒྱུ་རྩལ་གྱི་ཚོང་ཁང་སྐོར་བ། ས་གནས་དེ་གའི་ཆུ་ཚན་རྒྱག་པ། ཁྱད་ལྡན་དམངས་སྲོལ་གནས་ཚང་སྡོད་པ་སོགས་ནང་དོན་མང་པོ་གཅིག་ཏུ་འདུས་པའི་རིག་གནས་ཡུལ་སྐོར་གྱི་ཉམས་ལེན་གསར་པ་ཞིག་མཁོ་འདོན་བྱས་ཡོད།

    མཚན་མོའི་ཡུལ་སྐོར་གྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ཆུང་ཟླ་6ཚེས་10ཉིན་སྒོ་ཕྱེ་བ་ནས་བཟུང་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་65ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་8000ལྷག་ཙམ་བྱུང་ཡོད། ཡུལ་སྐོར་བར་མཚན་མོའི་ཡུལ་སྐོར་གྱི་མྱོང་རོལ་གསར་རྐྱང་ཞིག་མཁོ་འདོན་བྱས་པ་མ་ཟད། མཛེས་ལྗོངས་ཁུལ་དང་དེའི་ཉེ་འཁོར་གྱི“མཚན་མོའི་དཔལ་འབྱོར”འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱང་ཐུབ་ཡོད།

    “མཛེས་ལྗོངས་ཁུལ་དུ་ཇ་ཁང་བཙུགས་རྗེས་ཉིན་ལྟར་ཕྱི་དྲོའི་ཆུ་ཚོད་3པ་ནས་མཚན་མོའི་ཆུ་ཚོད་10པའི་བར་འགྲུལ་རྒྱུན་ཟམ་མི་ཆད་པ་ཡོང་གི་འདུག མང་ཤོས་ཀྱི་དུས་སུ་སྟེང་འོག་གཉིས་ཀར་མིས་ཁེངས་ནས་ཟ་ཁང་གི་ཕྱིར་སྒྲོག་ཙེ་དང་རྐུབ་སྟེགས་སྒྲིག་དགོས་ཀྱི་འདུག”གྲོང་རྡལ་ཆུང་ངུ་དེར་ཝུའུ་ཀྲུང་ཞོགས་ཇའི་ཉམས་ལེན་ཁང་གཉེར་བཞིན་པའི་སྦྱིན་བདག་དབྱང་ཧྲའོ་ཧྭ་ཡིས། མིག་སྔར་ཚོང་ཁང་གི་ཉིན་རེའི་ཆ་སྙོམས་ཚོང་གཉེར་ཡོང་འབབ་སྒོར་ཁྲི་གཅིག་ཙམ་ཟིན་པ་དང་། དེའི་ཚོང་ཝུའུ་ཀྲུང་གྲོང་ཁྱེར་གྱི་ཇ་ཁང་རྙིང་པ་ལས་ཡག་པ་འདུག་ཅེས་བཤད།

    སྐད་གྲགས་ཆེ་བའི་རི་གཤམ་གྱི་ཇ་ཁང་དུ་སྦྱིན་བདག་ཆི་ཞའོ་གཡོད་ཉིན་རེའི་ཕྱི་དྲོའི་ཆུ་ཚོད་བཞི་པ་ནས་ལས་བྲེལ་ཚུགས། “མཚན་མོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་མཚན་མོའི་དཔལ་འབྱོར་ནི་གཙོ་བོ་ཡིན་པས་ངས་ཐབ་སྐོར་ཇ་ཁང་བཙུགས་པ་མ་ཟད། ད་དུང་འགྲམ་དུ་ཨར་ཁང་ཡང་བཙུགས་པ་ཡིན། མཚན་མོར་ཡུལ་སྐོར་ཚོགས་པ་མི་ཉུང་བ་ཞིག་རྩེད་མོ་རྩེ་བར་ཡོང་གི་ཡོད་པས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད”ཅེས་བཤད།

    ཉིང་ཞ་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཡུས་ཅིན་གྱིས། རིག་གནས་ཡུལ་སྐོར་གྱི་གླེང་མང་བའི་གནད་དོན་གསར་པ་སྐྱེད་སྲིང་དང་གཏོད་རྒྱུ་དེ་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཤིག་ཏུ་གྱུར་ཡོད་པས། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། མཛེས་ལྗོངས་ཁུལ་གྱི་ལྟེ་བའི་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་བ། འཛད་སྤྱོད་བྱེད་མང་དུ་གཏོང་བ་བཅས་ཀྱི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།