དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱི་གྱོད་གཞི་5བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-10-07

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། སྒྲིག་ཁྲིམས་སྔར་བས་ནན་དུ་གཏོང་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་རགས་ཆེན་མུ་མཐུད་བརྟན་དུ་བཏང་སྟེ་ཕྱོགས་ཡོངས་ནས་ནན་པོ་དང་ནན་པོ་མཐའ་གཅིག་ཏུ་བྱེད་པའི་བརྡ་རྟགས་དྲག་པོ་གཏོང་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱི་གྱོད་གཞི་5བརྡ་ཁྱབ་བཏང་བ་རེད།

    ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་རུ་ཆེན་གྱི་དེ་སྔའི་རུ་དཔོན་གཞོན་པ་ཁྲེན་ཆང་སོགས་མི་6གིས་སྒྲིག་འགལ་ངང་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་དང་ལེན་བྱས་པའི་གནད་དོན། 2020ལོའི་ཟླ་8པར་ཁྲེན་ཆང་དང་ཚན་པའི་ལས་རོགས་ཝང་ཅུན་དང་། ཏོའུ་ཧུང་། ཧོང་གོ་མིང་བཅས་དང་། ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ལས་བྱེད་པ་ཀྲང་ཡུང་ཆིང་། ཆུས་སྤྱི་བདེ་ཅུས་ཀྱི་ལས་བྱེད་པ་ལི་ཡོན་བཅས་ཀྱིས་སྒེར་གཉེར་ཁེ་ལས་སྦྱིན་བདག་གི་གསོལ་སྟོན་དང་ལེན་བྱས་པ་རེད། 2021ལོའི་ཟླ་11པར་ཁྲེན་ཆང་དང་། ཧོང་གོ་མིང་། ཝང་ཅུན། ཀྲང་ཡུང་ཆིང་། ལི་ཡོན་བཅས་ཀྱིས་སླར་ཡང་སྒེར་གཉེར་ཁེ་ལས་ཀྱི་སྦྱིན་བདག་དེའི་གསོལ་སྟོན་དང་ལེན་བྱས་པ་རེད། 2023ལོའི་ཟླ་8པར་ཁྲེན་ཆང་དང་། ཧོང་གོ་མིང་། ཏོའུ་ཧུང་། ཝང་ཅུན། ཀྲང་ཡུང་ཆིང་བཅས་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་། ལི་ཡོན་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཞན་དག་ཡོད་པས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་ཀྱི་ཆད་པ་ཕོག་པ་རེད།

    མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་ཚན་རྩལ་འཛུགས་སྐྲུན་དང་ནུས་རྒྱུ་གྲོན་ཆུང་ལྟེ་གནས་ཀྱི་དེ་སྔའི་ཀྲུའུ་རེན་ཏའེ་གོ་ལེའང་གིས་སྒྲིག་འགལ་ངང་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་དང་ལེན་དང་འབུལ་རྟེན་བླངས་པའི་གནད་དོན། 2018ལོའི་ཟླ་9པ་ནས་2021ལོའི་ཟླ་2པའི་བར། ཏའེ་གོ་ལེའང་གིས་གྲོང་ཁྱེར་སློབ་གསོ་ཅུས་གཅིག་གྱུར་འཛུགས་སྐྲུན་གཞུང་དོན་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་རིང་། སྒེར་གཉེར་ཁེ་ལས་ཀྱི་སྦྱིན་བདག་མང་པོ་ཞིག་གི་གསོལ་སྟོན་དང་ལེན་བྱས་པ་དང་རྣམ་གྲངས་འཛུགས་སྐྲུན་ཕྱོགས་ཀྱི་འབུལ་རྟེན་སྒོར་ཁྲི་6བླངས་པ་རེད། ཏའེ་གོ་ལེའང་ལ་ད་དུང་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཞན་དག་ཡོད་པ་རེད། 2023ལོའི་ཟླ་8པར་ཏའེ་གོ་ལེའང་ལ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་ཕོག་པ་དང་། ཉེས་གསོག་དོགས་ཡོད་ཀྱི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད།

    མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་སྡེ་བརྒྱད་དེའུ་འབུར་གྲོང་རྡལ་ཞག་སྡོད་ལམ་ལུགས་སློབ་ཆུང་གི་ཏང་ཀྲི་པུའི་ཧྲུའུ་ཅི་དང་སློབ་སྤྱི་ཁུང་ཆིང་ཧྲོའུ་ཡིས་སྒྲིག་འགལ་ངང་འབུལ་རྟེན་བླངས་པའི་གནད་དོན། 2021ལོའི་ཟླ་6པར་ཁུང་ཆིང་ཧྲོའུ་ཡིས་སློབ་གྲྭའི་དངོས་ཟོག་མཁོ་འདོན་བྱེད་མཁན་ཚོང་དུད་སློབ་གྲྭའི“དྲུག་གཅིག”གི་རྟེན་འབྲེལ་བྱེད་སྒོར་གདན་ཞུ་བྱས་པ་དང་དངོས་ཟོག་མཁོ་འདོན་བྱེད་མཁན་ཚོང་དུད་8གདན་ཞུས་ལྟར་ཞུགས་པ་དང་འབྲེལ་འབུལ་རྟེན་སྒོར་ཁྲི་1.78སྤྲད་པ་དང་། དངུལ་དེ་དག་སློབ་གྲྭའི་རྩིས་ཁྲར་མ་བཅུག་པར་སློབ་གྲྭའི་བྱེད་སྒོ་སྣ་ཚོགས་ཀྱི་འགྲོ་གྲོན་ཐད་སྤྱད་པ་རེད། 2023ལོའི་ཟླ་6པར་ཁུང་ཆིང་ཧྲོའུ་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་རེད།

    དཔེ་མཚོན་གྱོད་གཞི་གཞན་གཉིས་ནི་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་ནགས་ལས་བཟོ་བཀོད་པ་ཏོན་ཤུན་ཅུན་གྱིས་སྒྲིག་འགལ་ངང་ཕོགས་སྣོན་དང་ཁ་གསབ་སྤྲད་པ་དང་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་དང་ལེན་བྱས་པའི་གནད་དོན་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྩེ་ཁོག་རྫོང་སྲིད་ཁྲིམས་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཁྲིམས་འཛིན་ཅུས་ཀྱི་དེ་སྔའི་ཅུས་ཀྲང་རང་གྲོལ་གྱི་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱས་པའི་གནད་དོན་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།