དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཤེས་ལྡན་མི་སྣའི་མཛོད་བསྐྲུན་ནས་ཞིང་པ་གསར་པ་གསོ་སྐྱོང་བྱས་།

    —— རྫ་ཡུལ་རྫོང་གིས“གཏིང་ཟབ་བཞིར”བརྟེན་ནས་གྲོང་སྡོད་ལས་དོན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-07

    གྲོང་གསེབ་དར་རྒྱས་གཏོང་བར་ཤེས་ལྡན་པ་ནི་འགག་རྩ་རེད། རྫ་ཡུལ་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ”ཞེས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་བཟུང་བ་དང་། “ཏང་འཛུགས་སྐྱོང་+ཤེས་ལྡན་པ”དང“བརྒྱུད་རོགས་ཁྲིད་གསུམ”གྱི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱེད་པ། ས་གནས་དེ་གའི་ཤེས་ལྡན་མི་སྣ་བཀོལ་སྤྱོད་དང་། གསོ་སྐྱོང་། དོ་དམ་བཅས་ཀྱི་རྣམ་པ་གསར་པར་དམིགས་ཏེ། གྲོང་གསེབ་འཕེལ་རྒྱས་གཏོང་བར་གསོན་ཤུགས་དང་སྒུལ་ཤུགས་བསྣན་ནས་ནམ་ཡང་གནས་ཐུབ་པའི་ལས་དོན་རུ་ཁག་ཅིག་ཧུར་ཐག་བཏོད་ཡོད།

    ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་གཏིང་ཟབ་བྱས་ནས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། རྫ་ཡུལ་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“ཏང་ཀྲི་པུའུ་+ཤེས་ལྡན་མི་སྣའི་མཛོད”ཀྱི་ཆ་སྒྲིག་རོགས་ཁྲིད་ལམ་སྲོལ་འཚོལ་ཞིབ་དང་འཕེལ་རྒྱས་བཏང་བ་དང་། “གཅིག་གིས་གཅིག་ལ་སྣེ་ཁྲིད་དང་གཅིག་གིས་མང་པོར་སྣེ་ཁྲིད”བྱེད་པའི་ཤེས་ལྡན་མི་སྣའི་གསོ་སྐྱོང་བྱེད་སྟངས་བཏོད་པ། “ཉིན་བརྒྱར་གྲོང་ཚོ་དང་དུད་ཚང་དུ་བརྟག་ཞིབ་ཆེན་པོ་བྱེད་པར་སྐྱོད་པའི”སྐབས་དང་བསྟུན་ནས་ཕ་ཡུལ་དུ་ལས་གཏོད་བྱེད་པར་ལོག་པའི་སློབ་ཆེན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། ཕྱུག་འགྱུར་སྣེ་ཁྲིད་པ། ལག་རྩལ་མི་སྣ། སློབ་གྲྭར་སྐྱོད་བཞིན་པའི་སློབ་ཆེན་སློབ་མ། “རིགས་གསུམ་པའི་ཆེད་དོན་ལས་བྱེད་པ”སོགས་ཚོགས་སྤྱིའི་གནས་ཚུལ་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་ཏེ། རིགས་ཕྱེ་ནས་ཤེས་ལྡན་མི་སྣའི་ཐོན་ཁུངས་མཛོད་བསྐྲུན་ནས་ལུགས་མཐུན་གྱི་རིམ་སྒྲིག་ཤེས་ལྡན་མི་སྣའི་དཔུང་ཁག་བཙུགས་ཤིང་། རིམ་རྩིས་བྱས་ན་ཤེས་ལྡན་མི་སྣའི་ཐོན་ཁུངས་མཛོད་103བསྐྲུན་པར་ཁྱོན་མི་1300ཙམ་ཟིན་ཡོད།

    ནུས་གསོག་ཤུགས་འདོན་གཏིང་ཟབ་བྱས་ནས་ལས་སྒོའི་ནུས་པ་ཆེ་རུ་བཏང་བ། “མི་ཡོངས་དང་། གནད་འཁེལ། ནུས་ལྡན”བཅས་ལ་དམིགས་ཏེ། རྫ་ཡུལ་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན”གྱི་ལས་སྟེགས་དང་། སྐད་འཕྲིན་སྤྱི་རྟགས། ཐོན་ལས་རྟེན་གཞི་སོགས་སློབ་སྦྱོང་གི་གཞི་རྟེན་དུ་བྱས་པ་དང་། གྲོང་གསེབ་ཀྱི་ཤེས་ལྡན་པ་སྒྲིག་འཛུགས་ཀྱིས་གཅིག་སྡུད་སློབ་སྦྱོང་བྱས་ནས་འཇོན་ཐང་ཆེ་རུ་གཏོང་བ་དང་ཕྱིར་བསྐྱོད་ནས་མིག་རྒྱང་རིང་དུ་གཏོང་བའི་བྱ་ཐབས་བརྒྱུད། ལངས་གཟུགས་རྣམ་པའི་སློབ་གསོ་གསོ་སྦྱོང་བྱས་པ། ལག་ལེན་དང་ཉམས་མྱོང་ཕུན་སུམ་ཚོགས་ཤིང་བྱང་ཚད་མཐོ་བའི་ཞིང་འབྲོག་མང་ཚོགས་དང་འཐབ་ཕྱོགས་དང་པོའི་ལག་རྩལ་བཟོ་པ་སོགས་སློབ་ཁྲིད་དཔུང་ཁག་ཏུ་བཅུག་ནས་ཁྱབ་རྒྱ་ཆེ་བ་དང་། རིམ་པ་མང་བ། སྐས་རིམ་རྣམ་པ་བཅས་ཀྱི་ཤེས་ལྡན་མི་སྣའི་གསོ་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་ལས་སྒོའི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་འགྲོ་བར་སྐུལ་འདེད་ཏན་ཏིག་བཏང་ཡོད། མིག་སྔའི་བར་རྫ་ཡུལ་རྫོང་གིས་མི་སྣ་སྒྲིག་འཛུགས་བྱས་ནས་ལྗོངས་ཕྱི་ནང་དུ་སློབ་སྦྱོང་ཐེངས་17བྱས་པར་མི་900ལྷག་ཙམ་སློབ་སྦྱོང་ལ་ཞུགས་ཡོད།

    སློབ་གྲྭ་དང་ས་གནས་ཀྱིས་མཉམ་ལས་གཏིང་ཟབ་བྱས་ནས་མི་སྣ་གསོ་སྐྱོང་གི་ལས་སྟེགས་བསྐྲུན་པ། རྫ་ཡུལ་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་ལེགས་ཆར་བརྟེན་ནས་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་བ་དང་། ཐོན་ལས་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་། ཤེས་ལྡན་པ་གསོ་སྐྱོང་། “མཉམ་འབྲེལ་དྲ་རྒྱ་+”སོགས་ལ་གཙོ་བོར་དམིགས་ནས་ལག་རྩལ་གསར་པ་དང་། བྱེད་སྟངས་གསར་པ། འདུ་ཤེས་གསར་པ་བཅས་ནང་འདྲེན་ཧུར་ཐག་བྱས་པ། ཐུན་མོང་ཐོག་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་ཇུས་འགོད་བྱས་པ། གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཡོང་བར་བྱས་ནས་ལག་རྩལ་ཁོང་དུ་ཆུད་པ་དང་། གཉེར་སྐྱོང་བྱེད་མཁས་པ། དོ་དམ་བྱེད་ཤེས་པ་བཅས་ཀྱི“ཞིང་པ་གསར་པ”ཁག་གཅིག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱས་ཡོད། རིམ་རྩིས་བྱས་ན་སྤེལ་རེས་དང་སློབ་སྦྱོང་ཐེངས་130བྱས་པར་མི་3900ལྷག་ཙམ་གྱིས་སློབ་གསོ་དང་ལེན་བྱས་ཡོད།

    དཔེ་སྟོན་སྣེ་ཁྲིད་གཏིང་ཟབ་བྱས་ནས་ལས་སྒྲུབ་ཀྱི་གསོན་ཤུགས་འཕེལ་བར་བྱས་པ། གཞི་རིམ་གྱི་འཐབ་ས་དང་པོར་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་ལྡན་པའི་གོ་ཆོད་ཤེས་ལྡན་མི་སྣ་སྣ་ཚོགས་སྔོག་འདོན་བྱེད་པར་མཐོང་ཆེན་དང་། ཕུལ་བྱུང་ཤེས་ལྡན་མི་སྣའི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན། ཤེས་ལྡན་མི་སྣའི་མཛོད་ནང་བཅུག་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་ལས་ཀའི་རྣམ་འགྱུར་དངོས་ལ་གཞིགས་ནས་ཏང་ལ་ཞུགས་པར་འོས་སྦྱོར་བྱས་པ། ཕུལ་བྱུང་ཤེས་ལྡན་མི་སྣའི་གསོ་སྐྱོང་མཛོད་སྔར་བས་བསྐྲུན་པ། “གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དང་ཏང་ཡོན། གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ། གྲོང་ཚོ‘ཨུ་ལྷན་གཉིས’ཀྱི་ཁོངས་མི། དངོས་གཞིའི་ལས་བྱེད་པ”བཅས་ཀྱི་གསོ་སྐྱོང་འབྲེལ་ཐག་འཐུས་སྒོ་ཚང་དུ་བཏང་བ། ཤེས་ལྡན་མི་སྣར་བརྩི་འཇོག་དང་། ཐུགས་ཁུར། གཅེས་སྐྱོང་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ནས། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་ལས་སྒྲུབ་ལས་གཏོད་ཀྱི་སེམས་ཤུགས་འཕེལ་བ་དང་། གྲོང་གསེབ་དར་རྒྱས་ལ་ཤེས་ལྡན་མི་སྣའི་འགན་ལེན་ནུས་ལྡན་བྱས་པར། མིག་སྔར་ཕུལ་བྱུང་ཤེས་ལྡན་མི་སྣ་80ལྷག་ཙམ་སྔོག་འདོན་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།