དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཁྲོམ་རའི་རིན་གོང་ལྟ་འདོམས་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-07

    འདི་ལོ་ཚུན་དུ། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལས་ཀའི་ཇུས་གཞི་བཟོ་བ་དང་། ཆེད་དོན་བཀོད་སྒྲིག་བྱེད་པ། འགན་འཁྲི་ནན་དུ་གཏོང་བ། ལས་དོན་ཞིབ་ཚགས་སུ་གཏོང་བ། བྱ་ཐབས་གཏན་འཁེལ་བཅས་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་ཁྲོམ་རའི་རིན་གོང་ལྟ་འདོམས་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་རེད།

    ཁོར་ཡུག་བཟང་པོ་ཞིག་བཏོད་དེ་ཁྲོམ་རའི་རིན་གོང་ལྟ་འདོམས་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས《རིན་གོང་ལྟ་འདོམས་མཐུན་སྦྱོར་མཉམ་འགུལ་མཉམ་ལས་ལམ་སྲོལ》བཏོན་ཏེ། གཞིས་རྩེ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་སྡེ་ཁུལ་ཞབས་ཞུའི་ས་ཚིགས་སོགས་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པས། “འགན་ནུས་མཉམ་འགུལ་དང་། ལེགས་ཆ་གསབ་རེས། ཆ་འཕྲིན་མཉམ་སྤྱོད”བཅས་ཀྱི་རིན་གོང་ལྟ་འདོམས་ལམ་སྲོལ་ཞིག་ཆགས་ནས་རིན་གོང་འཛད་སྤྱོད་ཀྱི་རྩོད་གཞི་གཞི་རིམ་དུ་ཐག་གཅོད་ཏན་ཏིག་ཐུབ་ཡོད། དམངས་འཚོའི་ཚོང་ཟོག་གཙོ་གནད་ལ་འཛིན་པ་དང་། རིན་གོང་གསལ་པོ་འགོད་མེད་པ། ལྐོག་མཐུན་ངང་ཟོག་གོང་སྤོར་བ། ཟོག་གོང་ཧམ་སྤོར། རིན་གོང་འཕར་བའི་ཆ་འཕྲིན་རྫུན་བཟོ་སོགས་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་གཙོ་གནད་དུ་བཟུང་ནས། ཚོང་ཁྲོམ་དང་། ཞིང་ཞོར་ཐོན་རྫས་ཁྲོམ་ར། རོལ་རྩེད་ཁང་སོགས་གཙོ་གནད་ས་ཁོངས་ཀྱི་རིན་གོང་གི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱས་ཡོད། གནད་དོན་ཐོན་སླ་བའི་གློག་དང་། ཆུ། སྨན། ཡུལ་སྐོར་སོགས་གཙོ་གནད་ལས་རིགས་ལ་ཁྲིམས་སྒྱུར་ལྟ་འདོམས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།

    དེ་དང་ཆབས་ཅིག་སྲིད་འཛིན་སྐོང་འདྲིའི་ཚོགས་འདུ་འཚོགས་པ་དང་། དྲན་སྐུལ་ཡི་གེ་སྤྲོད་པ། ཁས་ལེན་ཡི་གེ་འཇོག་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་གཉེར་སྐྱོང་མཁན་ལ་རིན་གོང་ཐད་དྲན་སྐུལ་དང་བསླབ་བྱ་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། གཉེར་སྐྱོང་མཁན་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད། རང་འགུལ་ངང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་བཅས་བྱས་ཏེ། རིན་གོང་རང་གཅུན་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད། འབྲེལ་ཡོད་སྡེ་ཚན་ཁག་གིས་འབྲུ་རིགས་དང་། སྣུམ། ཤ། སྒོ་ང་། འོ་མ། ཤིང་འབྲས་སོགས་འཚོ་བའི་མཁོ་ཆས་ཀྱི་ཁྲོམ་རའི་རིན་གོང་གི་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱས་ནས། སྒོ་རྩིས་ཚོང་ཁང་ཆེ་གྲས་དང་། ཞིང་ཞོར་ཐོན་རྫས་ཁྲོམ་ར། སྔོ་ཚལ་སྡེབ་ཚོང་ས་ཚིགས་སོགས་གཙོ་གནད་འགྲོ་རྒྱུག་ཁྱབ་ཁོངས་སུ་སྟོབས་ཤུགས་གཅིག་སྡུད་ཀྱིས་སྐོར་ཞིབ་དང་ཞིབ་བཤེར་ལྟ་འདོམས་བྱེད་པ། གནད་དོན་ཤེས་རྟོགས་བྱས་པ་དང་འབྲེལ་དུས་ཐོག་ཏུ་ཡོ་བསྲང་བཅས་བྱས་ཏེ། ལྐོག་མཐུན་ངང་ཟོག་གོང་སྤོར་བ་དང་། ཟོག་གོང་སྤོར་བའི་ཆ་འཕྲིན་རྫུན་བཟོ། ཟོག་གོང་ཧམ་སྤོར་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྔོན་འགོག་ནུས་ལྡན་བྱས་ཡོད། ཁྲིམས་སྒྱུར་མི་སྣ་སྒྲིག་འཛུགས་ཀྱིས་རིན་གོང་སྲིད་ཇུས་དང་གླེང་མང་བའི་རིན་གོང་གནད་དོན་ཐད་ཀྱི་མང་ཚོགས་ཀྱི་དོགས་གནད་སྣ་ཚོགས་ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་དང་། དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་ཤོག་ལྷེ་སྤྲོད་པ་དང་འབྲེལ། མངོན་གསལ་དོད་སར་འཕྲེད་འགེལ་ཡི་གེ་འགེལ་བ་དང་། གཞི་རྟེན་མི་འདྲ་བ་དང་དྲིལ་བསྒྲགས་བྱེད་ཐབས་སྣ་ཚོགས་བརྒྱུད་དྲིལ་བསྒྲགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་པ་རེད།

    མིག་སྔའི་བར། རིན་གོང་ལྟ་འདོམས་ཀྱི་ཆེད་དོན་ཁྲིམས་སྒྱུར་བྱ་སྤྱོད་སྤེལ་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཁྲིམས་སྒྱུར་བ་མི་ཐེངས་1896བཏང་ནས། ཚོང་དུད་3256ལ་ཞིབ་བཤེར་བྱས་པ་དང་། རིན་གོང་ཞུ་གཏུག་དང་ཐེར་འདོན་གོང་ཞུ་ཐེངས་280ལྷག་ཙམ་བདག་སྤྲོད་བྱས་ཏེ། འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་50ལྷག་ཙམ་མི་ཕོག་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།