དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་མང་ཚོགས་ཀྱི་ལས་གཏོད་ལས་ཞུགས་ཀྱི་འཇོན་ཐང་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-07

    ཉེ་ཆར། ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱི་བོད་ཟས་མ་བྱན་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུཌ་ཤིང་། ཁྲེང་ཀོན་ཆུས་ཀྱི་ཁྲོམ་གཞུང་དང་སྡེ་ཁུལ་ཁག་གི་ལས་ཞུཌ་ཐུབ་མེད་པའི་མང་ཚོགས་40ད་ཐེངས་ཀྱི་རྩལ་ནུས་གསོ་སྦྱོང་ལ་ཞུཌ་པ་རེད།

    གསོ་སྦྱོང་གི་དུས་འགོར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་ལས་ཀར་འགྲོ་འདོད་ཡོད་པ་དང་གསོ་སྦྱོང་བྱེད་འདོད་ཡོད་པའི་ལས་ཞུཌ་ཐུབ་མེད་པའི་མང་ཚོགས་ལ་མཐིལ་རྟོགས་བརྟག་དཔྱད་བྱས་པ་དང་འབྲེལ། ཁྲོམ་རའི་དགོས་མཁོར་གཞིགས་ནས་གསོ་སྦྱོང་གི་སློབ་ཚན་བཀོད་སྒྲིག་བྱས་ཁར་མང་ཚོགས་ཀྱི་ལས་ཞུགས་གསོ་སྦྱོང་འདོད་མོས་དང་ཟུང་འབྲེལ་བྱས་ནས་རྩལ་ནུས་སྣ་ཚོགས་གསོ་སྦྱོང་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན་དུ། ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་ལས་ཞུགས་གསོ་སྦྱོང་སྣ་ཚོགས་ཧུར་ཐག་བྱས་ནས་མང་ཚོགས་ལས་ཞུགས་ཐུབ་ཚད་མང་དུ་བཏང་ཞིང་། མིག་སྔའི་བར་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཀྱི་དུས་ཐེངས་35གཉེར་ནས་མང་ཚོགས་5050ལས་ཞུགས་ཐུབ་པ་དང་དངོས་སུ་འབབ་འཕར་སྒོར་ཁྲི་5690བྱུང་ཡོད། ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་ལས་ཞུགས་མ་ཐུབ་པའི་མང་ཚོགས་ཀྱི་གསོ་སྦྱོང་གི་འདུན་པ་དང་ལས་ཞུགས་ཀྱི་འདུན་པར་དམིགས་ཏེ། གློག་ལས་དང་། བདེ་སྲུང་། འཕྲོད་བསྟེན་སོགས་རྩལ་ནུས་གསོ་སྦྱོང་སྣ་ཚོགས་བྱས་ནས་ཁོང་ཚོའི་ལས་ཞུགས་འཇོན་ཐང་ཆེ་རུ་བཏང་སྟེ། འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།