དབུ་ཤོག
  • མངའ་རིས་ཀྱི་གློག་དྲ་སྦྲེལ་བའི་ལས་གྲྭར་ལོ་འཁོར་གྱི་བརྟག་དཔྱད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-05

    ཉེ་ཆར། བོད་ལྗོངས་མངའ་རིས་དང་བོད་དབུས་ཀྱི་གློག་དྲ་སྦྲེལ་བའི་ལས་གྲྭའི(གཤམ་དུ“མངའ་རིས་དྲ་སྦྲེལ་ལས་གྲྭ”ཞེས་བསྡུ་རྒྱུ)ཆན་ཧྥུའུ་220ཡི་གློག་སྒྱུར་ས་ཚིགས་དང་པོའི་སྤྱིའི་སྒྱུར་སྒོ་ལེགས་གྲུབ་བྱུང་བ་དེ་ཐོག་ནས་མངའ་རིས་ཀྱི་དྲ་སྦྲེལ་ལས་གྲྭའི་2023ལོའི་ཞིབ་བཤེར་བཟོ་བཅོས་ལས་དོན་ཚང་མ་ལེགས་གྲུབ་བྱུང་བ་མཚོན་པ་དང་། བོད་ཀྱི་འདི་ལོའི་དགུན་དུས་དང་ཕྱི་ལོའི་དཔྱིད་དུས་ཀྱི་གློག་ཤུགས་མཁོ་འདོན་འགན་ལེན་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    བོད་ཀྱི་འདི་ལོའི་དགུན་དུས་དང་ཕྱི་ལོའི་དཔྱིད་དུས་ཀྱི་གློག་དྲ་བདེ་འཇགས་འཁོར་སྐྱོད་དང་གློག་ཤུགས་མཁོ་སྤྲོད་འགན་ལེན་བྱ་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་དབྱར་དུས་ཆུ་རྒྱས་པའི་དུས་དང་ཐེག་ཚད་ཀྱི་དགོས་མཁོ་ཆུང་བའི་ཕན་ཡོད་དུས་གང་ལེགས་སྤྱད་དེ་མངའ་རིས་དྲ་སྦྲེལ་ལས་གྲྭར་ལོ་འཁོར་གྱི་བརྟག་དཔྱད་བྱས་ཤིང་། ཆན་ཧྥུའུ་220ཡི་གློག་སྒྱུར་ས་ཚིགས་2དང་སྤྱི་ལེ་1035ཡི་ཆན་ཧྥུའུ་220ཡི་གློག་སྒྱུར་སྐུད་ལམ་6དང་འབྲེལ་བ་ཡོད་སར་ཧྲག་དམག་220ལྷག་ཙམ་མངགས་གཏོང་བྱས་ཏེ་ཉིན་8ནང་ས་བབ་མཐོ་བ་དང་། ས་བབ་རྙོག་འཛིང་ཆེ་བ། ཁོར་ཡུག་ཞན་པ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ། ལས་ཀའི་ཁྱབ་ཁོངས་ཆེ་བ། ལས་འགན་ལྕི་བ་སོགས་ཀྱི་དཀའ་ངལ་ནུས་ཤུགས་ཡོད་རྒུས་ཁྱད་བསད་བྱས་ནས་གློག་འདྲེན་གློག་སྒྱུར་སྒྲིག་ཆས་ཀྱི་ཞན་ཆ་དང་མངོན་མེད་རྐྱེན་ངན་1000ལྷག་ཙམ་ཐག་གཅོད་བྱས་པ་དང་། གློག་འདྲེན་སྐུད་ལམ་བདེ་འཇགས་འཁོར་སྐྱོད་ཀྱི་ཉེན་ཁ་ནུས་ལྡན་ངང་ཆུང་དུ་བཏང་བ། སྒྲིག་ཆས་ཀྱི་སྤུས་ཚད་མཐོ་རུ་བཏང་བ། གློག་དྲའི་གློག་མཁོ་འདོན་གྱི་བློས་འགེལ་ཆོག་པའི་རང་བཞིན་མཐོ་རུ་བཏང་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།