དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལས་རྣམ་གསར་པ། རྣམ་པ་གསར་པ། འཚོ་བ་གསར་པ།

    —— རང་ལྗོངས་ཀྱིས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-05

    མཐའ་མཚམས་སྟོབས་ཆེར་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་དང་རང་ལྗོངས་ཀྱི“དོན་ཆེན་བཞིའི”གྲས་ཤིག་རེད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས“མཐའ་སྟོབས”ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་གལ་ཆེ་མཉམ་འཛིན་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མཐའ་མཚམས་ས་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། རྒྱལ་མཚམས་ཀྱི་འདུ་ཤེས། རྒྱལ་སྲུང་གི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་བཏང་ཡོད།

    ད་ཆ་རང་ལྗོངས་ཀྱི་མཐའ་མཚམས་ཀྱི་གྲོང་གསེབ་དར་རྒྱས་དང་དམངས་ཕྱུག་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་ཅིང་། ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་། འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་ཐེབས་པ། མཐའ་མཚམས་ཀྱི་ཡུལ་སྐོར་ལས་རིགས་ཡར་ངོའི་ཟླ་བཞིན་གོང་འཕེལ་འགྲོ་བ། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་མཐུད་ངང་མཐོ་རུ་འགྲོ་བ་སོགས་རེད།

    ཇ་ཤིང་བཏབ་ནས་ཕྱུག་པོའི་ལམ་དུ་སྐྱོད།

    འདི་ལོ་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ཁ་དག་གྲོང་ཚོས་ཇ་ཤིང་བཏབ་ནས་ལོ་5འཁོར་ཞིང་ཐོན་ལེགས་བྱུང་བའི་ལོ་ཞིག་ཀྱང་རེད། “ཁ་དག་གྲོང་ཚོས་རང་བྱུང་སྐྱེ་ཁམས་ཀྱི་ལེགས་ཆར་བརྟེན་ནས་ཇ་ཤིང་འདེབས་འཛུགས་འཕེལ་རྒྱས་ཤུགས་ཆེན་བཏང་བས། ཡུག་གཅིག་ཏུ་འབྲེལ་བའི་ཇ་ཤིང་གིས་རི་ཀླུང་སྔོ་ལྗང་ཅན་དུ་གྱུར་པ་མ་ཟད། མི་སེར་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི‘ལྗང་མདོག་དངུལ་ཁང’ལྟ་བུ་ཞིག་ཏུའང་གྱུར་ཡོད”ཅེས་གསར་འགོད་པར་ཁ་དག་གྲོང་ཚོའི་གྲོང་མི་ཕུར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། 2022ལོར་ཁ་དག་གྲོང་ཚོས་གྲོང་ཚོ་ཡོངས་ཀྱི་ཇ་ཤིང་མུའུ་206.8དུད་ཚང་ལ་འགན་གཙང་སྤྲད་པ་དང་འབྲེལ་ཉིང་ཁྲིའི་རྩེར་སོན་ཇ་ལོ་ཚད་ཡོད་འགན་འཁྲི་ཀུང་སི་དང་གྲོས་མཐུན་བཞག་པས། ལོ་དེ་རང་ལ་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་བྱུང་བ་དང་འདི་ལོ་སྒོར་ཁྲི་40ཙམ་ཟིན་རེ་ཡོད་ཅེས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་རྫ་ཡུལ་རྫོང་གིས་ས་གནས་དེ་གའི་ཇ་ཤིང་ཐོན་ཁུངས་ལ་གཞི་ཚུགས་ཏེ་ཇ་ལོ་འདེབས་འཛུགས་རྟེན་གཞི་དང་པོ་དེ་བསྐྲུན་པ་མ་ཟད། ཇའི་ཐོན་ལས་དེ་རྫོང་གི་གཙོ་ཁྲིད་ཐོན་ལས་ལ་གཏན་འཁེལ་བྱས་ནས་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ཡོད། འདི་ལོའི་ཟླ་3པ་བར། རྫོང་ཡོངས་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.8བཏང་ནས་ཇ་ལོ་ལས་སྣོན་བཟོ་གྲྭ་5དང་ཇ་ཤིང་འདེབས་འཛུགས་རྟེན་གཞི་30བསྐྲུན་པར་རྒྱ་ཁྱོན་མུའུ་ཁྲི་1.94ཟིན་པ་དེ་མང་ཚོགས་7200ལྷག་ཙམ་ལ་ཁྱབ་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱིས་ས་ཞིང་བརྒྱུད་བཤུག་བཏང་བ་སོགས་ལས་ཡོང་འབབ་སྒོར་ཁྲི་1964འཕར་སྣོན་བྱུང་ཡོད།

    མཐའ་མཚམས་མང་ཚོགས་ཕྱུག་པོ་ཆགས་ཆེད། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཀྱིས་ཐོན་ལས་ལ་བརྟེན་ནས་མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ཁག་ལ་སྣེ་ཁྲིད་བྱས་པ་དང་། ལྗོངས་ཡོངས་ཀྱི་མཐའ་མཚམས་རྫོང་དང་། ཤང་། གྲོང་ཚོ་བཅས་ཁག་གིས་རང་བདག་སྤུས་རྟགས་བཏོད་ཅིང་། འབྲི་གཡག་དང་། ནས། ཆུ་སོགས་ཚད་གཞི་མཐོ་བའི་སྐྱེ་ཁམས་ཐོན་ལས་བཏོད་དེ་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་སྤུས་རྟགས་ཀྱི་རིན་ཐང་དང་སྐད་གྲགས་ཆོད་ཚད་དཔལ་འབྱོར་གྱི་ཕན་འབྲས་སུ་བསྒྱུར་ནས་མཐའ་མཚམས་མང་ཚོགས་ཕྱུག་འགྱུར་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད།

    འབྱོར་འབྲིང་གྲོང་ཚོར་བདེ་སྐྱིད་འཚོ་བ་གླེང་བ།

    2021ལོར་ཀུན་བཟང་བདེ་སྐྱིད་ནང་མི་ཡོངས་མཚོ་སྣ་གྲོང་ཁྱེར་ཆུ་དྲོ་མོ་ཤང་ནས་མཚོ་སྣ་གྲོང་ཁྱེར་ལམ་ཕུག་ཤང་ཤའུ་གྲོང་ཚོར་སྤོས་ཤིང་། སྡོད་ཁང་གསར་པ་ནི་བོད་བཟོའི་ཐོག་སོ་ཉིས་ལྡན་མའི་ཁང་པ་ཡིན་པ་དང་། ཚོམས་ཆེན་དང་། ཐབ་ཚང་། ཉི་གཡབ་བཅས་ཕུད་ད་དུང་ཁང་པ་གསུམ་ཡོད། སྡོད་ཁང་གི་ཆ་རྐྱེན་ཡག་པོ་དེ་འདྲ་ཡོད་པས་དེ་སྔ་སྡོད་ཁང་གི་ཆ་རྐྱེན་ལ་སེམས་ཁྲལ་ཆེན་པོ་བྱེད་པའི་ནང་མི་རྣམས་ད་གཟོད་བློ་བདེ་བག་ཕེབས་སུ་གྱུར།

    དོན་དངོས་ཐོག“རྩེར་སོན་དང་། ཉམས་དོད་པ། གདང་རིམ་ཡོད་པ”བཅས་ཀྱི་གྲོང་མིའི་སྡོད་ཁང་དེ་ལྟ་བུ་ནི་བོད་ལྷོ་རྒྱུད་ཀྱི་མཐའ་མཚམས་གྲོང་སྡེར་མཚོན་ན“ཚད་གཞི་ལྡན་པའི་སྒྲིག་བཀོད”ཙམ་ཞིག་རེད། ཀུན་བཟང་བདེ་སྐྱིད་ཀྱི་ཁྱིམ་ནས་དོན་སྐབས་མིག་ལམ་དུ་འཆར་བ་ནི་ལམ་གཡས་གཡོན་གྱི་ཇ་ཁང་དང་། ཚོང་ཁང་། སྒོ་རྩིས་ཚོང་ཁང་བཅས་ཡིན་པ་དང་། གྲོང་ཚོའི་རིག་གནས་ཐང་ཆེན་དུ་བགྲེས་སོང་ཚོ་མཉམ་དུ་འཛོམས་ནས་བག་ཕེབས་ངང་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་ཡོད་པ། ཕྲུ་གུ་ཚོ་ཉེ་འཁོར་དུ་རྩེད་འཇོར་རོལ་བཞིན་ཡོད་པ། མི་རིང་བའི་སར་ཡོད་པའི་ལས་ཡུལ་ནས་འཕྲུལ་ཆས་ཀྱི་ལྡིར་སྒྲ་གྲགས་པ་སོགས་མིག་མདུན་གྱི་གསོན་ཉམས་དོད་པའི་སྣང་ཚུལ་ལས་ཤའུ་གྲོང་ཚོ་སྔར་ལས་དར་ཞིང་རྒྱས་པ་ཡོང་རྒྱུ་ཡིན་པ་མཚོན་གྱི་ཡོད།

    ཤའུ་གྲོང་ཚོ་ནི་རང་ལྗོངས་ཀྱིས་མཐའ་བརྟན། མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ཤུགས་ཆེན་སྤེལ་བའི་བསྡུས་རིས་ཙམ་ཞིག་རེད། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག མཐའ་མཚམས་ས་ཁུལ་གྱི་རྣམ་པའང་ཉིན་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད། 2022ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཚང་མ་བསྐྲུན་ཟིན་པ་དང་མཐའ་སྲུང་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་ལྡབ་3.7འཕར་བ་མ་ཟད། མཐའ་མཚམས་རྫོང་21གི་དཔལ་འབྱོར་བསྡོམས་འབོར་དང་གྲོང་མིའི་ཡོང་འབབ་རྒྱུན་མཐུད་ངང་འཕར་མགྱོགས་ཙམ་བྱུང་ཡོད།

    མི་ཚང་མར་ཡུལ་སྐོར་གྱི་ཡོང་འབབ་བྱུང་བ།

    གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་འདབས་སུ་གནས་པའི་མཐོ་ལྡིང་གྲོང་རྡལ་མཐོ་ལྡིང་གྲོང་མི་ཨུ་ལྷན་རྩ་ཧྲེང་ཚོགས་ཆུང་གི་གྲོང་མིས་རང་ཁྱིམ་གྱི་ས་ཆ་སྟོང་པ་སྤྱད་ནས་ཁྱིམ་ཚང་མགྲོན་ཁང་དང་། ཇ་ཁང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་ཁང་བཅས་བཙུགས་པས་ཡུལ་སྐོར་བའི་ལྟ་སྐོར་བློ་འདོད་བསྐངས་ཡོད་ལ། ས་གནས་དེ་གའི་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་མའང་ཐེབས་ཡོད།

    མིག་སྔར་རྩྭ་ཧྲེང་དུ་དུད་ཚང་38ཡོད་པའི་ནང་དུད་ཚང་32ཀྱིས་ཁྱིམ་ཚང་མགྲོན་ཁང་བཙུགས་པར་ཉལ་ཁྲི་700ཙམ་ཡོད་པ་དང་ཆ་སྙོམས་དུད་ཚང་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་3.6ཟིན་གྱི་ཡོད་པ་རེད། “ང་ཚོས‘རིག་གནས་དང་། ཡུལ་སྐོར། གྲོང་གསེབ་དར་རྒྱས་བཅས་ཟུང་དུ་འབྲེལ་བའི’འཕེལ་རྒྱས་གཏོང་སྟངས་ལག་ལེན་བསྟར་བ་བརྒྱུད་ཡུལ་སྐོར་ཞབས་ཞུའི་རྣམ་གྲངས་འཕེལ་རྒྱས་བཏང་བས། ཚོགས་ཆུང་ཡོངས་ཀྱི་མི་རྣམས་ལ་ཡུལ་སྐོར་གྱི་ཡོང་འབབ་བྱུང་ནས་གྲོང་མིའི་ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་ཡོད”ཅེས་ཡུལ་མི་ཚེ་རིང་རྡོ་རྗེས་བཤད།

    རྩྭ་ཧྲེང་གྲོང་ཚོས་ས་གནས་དེ་གའི་ཐོན་ཁུངས་ལ་གཞི་ཚུགས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་དེ་ནི་མཐའ་མཚམས་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བའི་བསྡུས་རིས་ཙམ་ཞིག་རེད། ལྗོངས་ཡོངས་སུ་བལྟས་ཚེ། རྒྱལ་སྤྱིའི་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ལ་དམིགས་ཏེ་དིང་རི་རྫོང་གི“ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ”བཀྲ་ཤིས་འཛོམས་ཤང་དང་། སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཤང་། ལྷུན་རྩེ་རྫོང་ཡུལ་སྨད་ཤང་སོགས་མཐའ་མཚམས་ས་ཁུལ་གྱིས་ས་གནས་དེ་གའི་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བའི་དཔེ་མཚོན་བརྗོད་ཀྱིས་མི་ལངས་པ་ཡོད།

    གོམ་ཞེང་ཆེན་པོས་རྒྱང་ལམ་གསར་པར་སྐྱོད། མཐའ་མཚམས་ཁུལ་དུ་རྣམ་པ་གསར་པ་མངོན། མཐའ་མཚམས་ཀྱི་འཐབ་ས་དང་པོར་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་གྲོང་གསེབ་མང་པོ་ཆར་རྗེས་མྱུ་གུ་བཞིན་ཐོན་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།