དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ།

    སྣ་དཀར་རྩེ་རྫོང་གྲོང་སྡོད་གཞུང་ལས་ཁང་གིས་མང་ཚོགས་ལ“ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་འབྲེལ་གཱ”སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-03

    གཞི་རིམ་གྱི་བཅོས་སྐྱོང་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་ཆེད། ཉེ་ཆར། སྣ་དཀར་རྩེ་རྫོང་གྲོང་སྡོད་གཞུང་ལས་ཁང་གིས“ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་འབྲེལ་གཱ”8360བཟོས་ནས་གྲོང་ཚོའི་དུད་ཚང་ཚང་མར་སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་འབྲེལ་གཱ”སྟེང་གྲོང་སྡོད་ལས་བྱེད་པའི་འདྲ་པར་དང་། མིང་། འབྲེལ་གཏུག་ཁ་པར་ཨང་གྲངས་བཅས་བཀོད་ཡོད་པ་མ་ཟད། ད་དུང་ཞིང་ཕན་དམངས་ཕན་སྲིད་ཇུས་ཀྱི་འགྲེལ་བཤད་ཡོད་པའི་རྩ་གཉིས་ཨང་རྟགས་ཀྱང་བཀོད་ཡོད་པས། མང་ཚོགས་ཀྱིས་སེམས་འབྲེལ་གཱ་བརྒྱུད་གྲོང་སྡོད་ལས་དོན་རུ་མི་དང་འབྲེལ་བ་བྱེད་ཐུབ་པ་མ་ཟད། ད་དུང་རྩ་གཉིས་ཨང་རྟགས་བཤེར་ནས་རྒྱ་བོད་སྐད་ཡིག་གཉིས་ཀྱི་སྲིད་ཇུས་གསལ་འགྲེལ་ཡང་ཉན་ཐུབ་པས། ཁྱིམ་དུ་བསྡད་ཀྱང་སློབ་གསོ་མྱོང་ཐུབ་པ་དང་། སྲིད་ཇུས་ཤེས་ཐུབ་པ། གནས་ལུགས་རྟོགས་ཐུབ་པ་བཅས་བྱུང་ཡོད།

    “ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་འབྲེལ་གཱ”སྤྲད་པ་ལས། གྲོང་སྡོད་ལས་བྱེད་པས་མང་ཚོགས་ཀྱི་རེ་འདུན་འཕྲལ་མར་ཤེས་རྟོགས་དང་། འཕྲལ་མར་དང་ལེན། འཕྲལ་མར་ཐག་གཅོད། འཕྲལ་མར་ལན་སྤྲོད་པ་བཅས་བྱས་ཡོད། དེ་དང་ཆབས་ཅིག གྲོང་སྡོད་ལས་བྱེད་པའི་རོགས་སྐྱོར་གྱི་བརྩེ་སེམས་ཟབ་མོ་ལས་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་དུས་ཐོག་ཏུ་སྐོང་ཐུབ་པས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཕྱིན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྣ་དཀར་རྩེ་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་བརྗེས་ཚུན། རུ་ཁག་དེས་མང་ཚོགས་ལ་བྱ་བ་དངོས་460བསྒྲུབས་པ་དང་མ་དངུལ་སྒོར་ཁྲི་18.65བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།