དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་གྱིས་དམངས་འཚོ་འགན་ལེན་གྱི་ལས་དོན་ཏན་ཏིག་བསྒྲུབས་པ།

    “གཙོ་གནད་དྲུག”ལ་དམ་པོར་དམིགས། བློ་ཡིད་ཚིམ་པའི་རྒྱུགས་ལན་ཕུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-03

    འདི་ལོ་ནས་བཟུང་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་གྱིས་དམངས་འཚོ་འགན་ལེན་གྱི་ལས་དོན་སྤེལ་བར་དམངས་འཚོ་རྩ་བར་འཛིན་པ་དང་ཞབས་འདེགས་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས“གཙོ་གནད་དྲུག”ལ་དམིགས་པ་དང་། ལས་ཀའི་སྤྱོད་ཚུལ་ལེགས་སུ་ཧུར་ཐག་གཏོང་བ། དམངས་འཚོའི་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བཅས་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་ཡོད།

    བསམ་བློའི་འདུ་ཤེས་ལེགས་སུ་གཏོང་བར་དམིགས་ཏེ་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་ཡངས་སུ་བཏང་ནས་ལས་ཞུགས་ཐུབ་ཚད་མཐོ་རུ་ཧུར་ཐག་བཏང་ཞིང་། རྒུ་རུམ་གྲོང་རྡལ་གྱིས་ལས་ཞུགས་ལས་གཏོད་དེ་དམངས་འཚོའི་འདུ་འགོད་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་སྲོལ་རྒྱུན་ལས་ཞུགས་ཀྱི་བསམ་བློའི་འདུ་ཤེས་ལེགས་སུ་གཏོང་བར་དམིགས་ཏེ། སྲིད་ཇུས་དྲིལ་བསྒྲགས་དང་། ལས་གནས་སྦྲེལ་མཐུད། རྩལ་ནུས་གསོ་སྦྱོང་བཅས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་དང་ངལ་རྩོལ་ནུས་ཤུགས་ལྷག་མ་གཞན་སྒྱུར་གྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཡོད། མཐོ་སློབ་སློབ་ཐོན་སློབ་མའི་ཆ་སྒྲིག་རོགས་སྐྱོར་ལམ་སྲོལ་བཙུགས་ནས་ལས་བྱེད་ལས་བཟོ་60དང་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་85ཡི་དབར་ཆ་སྒྲིག་བྱས་ཏེ་སློབ་མའི་ལས་ཞུགས་གནས་ཚུལ་དུས་ཐོག་ཏུ་རྗེས་སྙེག་ཁོང་དུ་ཆུད་པར་བྱས་ནས་ལས་གནས་སྦྲེལ་མཐུད་དང་། སྲིད་ཇུས་དྲིལ་བསྒྲགས། ལས་བསྡུ་སྒྲིག་འཛུགས་བཅས་བྱེད་རོགས་བྱས་ཤིང་། མིག་སྔའི་བར། ལོ་དེ་སྔའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་99%ཟིན་ཡོད། ཞིང་འབྲོག་པ་ལས་རོགས་གོ་ཆོད་པོ་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་འདི་ལོ་ཚུན་དུ་རྒུ་རུམ་གྲོང་རྡལ་མི་སྤྱི་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་སོགས་ཀྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཐེངས་10གཉེར་བར་མི་350ལྷག་ཙམ་གསོ་སྦྱོང་ལ་ཞུགས་པ་དང“སྒོ་རྩར”རྩལ་ནུས་གསོ་སྦྱོང་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ཏེ་དམངས་འཚོའི་བདེ་རྩའི་ཁྱབ་ཁྱོན་ཆེ་རུ་བཏང་ནས་འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་ཐུབ་པར་བྱས་ཤིང་། རྒུ་རུམ་གྲོང་རྡལ་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དམངས་འཚོ་འགན་ལེན་གྱི་ལས་དོན་དམངས་འཚོའི་བྱ་བ་དངོས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་དམངས་འཚོའི་མཐའ་ཚད་ཏན་ཏིག་བསྲུངས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་དང་རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་ལས་དོན་དུས་ཐོག་ཏུ་ལེགས་སྒྲུབ་བྱས་ནས་ལོ་60ཡན་གྱི་རྒན་རྒོན་གྱི་རྒན་གསོའི་འགན་བཅོལ་ཐོབ་ཐང་ལེན་པའི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས་ཡོད། གནས་སྐབས་རོགས་སྐྱོབ་ལམ་སྲོལ་གྱི་ནུས་པ་གང་ལེགས་བཏོན་ནས་ཐོལ་བྱུང་རང་བཞིན་གྱི་རང་བྱུང་གནོད་འཚེ་དང་ནད་གཞི་ལྕི་པོ་ཕོག་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་གནས་སྐབས་རོགས་སྐྱོབ་བྱས་ཡོད། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་འགན་སྲུང་གི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ་དཀའ་ངལ་ཡོད་པ་དང་། རྨས་མ། དེ་སྔ་དཔུང་སྡེར་བྱས་རྗེས་བཞག་པ། ལོ་60ཡན་གྱི་དམག་ཞབས་ཐིམ་པའི་དམག་མི་དང་དེ་བཞིན་དམག་ཞབས་ཐིམ་པའི་དམག་མི་འདས་པོའི་ནང་མི་ཁག་གཅིག་ལ་འཚམས་འདྲི་བྱས་ཡོད།

    མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་ལ་དམིགས་ཏེ་འཕྲོད་བསྟེན་དང་བདེ་ཐང་ཞབས་འདེགས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་བདེ་ཐང་རྒུ་རུམ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། རྒུ་རུམ་གྲོང་རྡལ་གྱིས་མི་དམངས་གོང་དུ་བཀུར་བའི་རྩ་དོན་མཐའ་འཁྱོངས་ཀྱིས་འཕྲོད་བསྟེན་བདེ་ཐང་ཞབས་འདེགས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། རིམས་འགོག་སྨན་ཁབ་རྒྱག་པའི་ཤེས་བྱ་རྒྱུན་མཐུད་དྲིལ་བསྒྲགས་དང་བསྡོམས་རྩིས་ལས་དོན་སྤེལ་ཞིང་རྒན་རྒོན་ཚོགས་སྤྱིར་རིམས་འགོག་སྨན་ཁབ་བརྒྱབ་སྟེ་རྒྱུན་རྣམ་ཅན་གྱི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཡོད། ཉིན་18ཀྱི་དུས་ཚོད་སྤྱད་དེ་རྒུ་རུམ་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ་6དང་ས་བབ་མཐོ་བའི་གནས་སྤོས་ས་ཚིགས་1གི་མང་ཚོགས་ལ་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་དང་ཐུམ་འབུའི་ནད་བརྟག་དཔྱད་གྲལ་བཤེར་བྱས་ཡོད།

    ཐོན་ཁུངས་སྤུས་ལེགས་དོ་སྙོམས་ཡོང་བར་དམིགས་ཏེ་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱས་ནས་སློབ་གསོ་དང་ལུས་རྩལ་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། རྒུ་རུམ་གྲོང་རྡལ་གྱིས་སློབ་གསོ་སྔོན་ལ་སྤེལ་བའི་རྩ་དོན་མཐའ་འཁྱོངས་ཀྱིས་བདེ་འཇགས་དང་དོ་སྙོམས་འཕེལ་རྒྱས་ལ་སྣང་ཆེན་བྱས་ནས་སློབ་གསོ་དང་ལུས་རྩལ་བྱ་གཞག་གོ་རིམ་ལྡན་པའི་ངང་སྤེལ་ཡོད། མཐོ་སློབ་སློབ་གྲྭ་འགྲིམ་མུས་ཀྱི་སློབ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ནས་མིག་སྔའི་སློབ་ལོའི་དུས་མཚམས་ཀྱི་སློབ་མ་135ཡི་སློབ་ཡོན་སྤྲོད་རོགས་བྱས་ཡོད། སློབ་གསོའི་ཁོངས་གཏོགས་ཀྱི་བདེ་འཇགས་ཐོན་སྐྱེད་དེ་གནས་བབ་མངོན་གསལ་དོད་པོར་བཞག་ནས་དུས་ངེས་མེད་ལ་ཁོངས་གཏོགས་ཁུལ་གྱི་སློབ་ཆུང་དང་བུ་བཅོལ་ཁང་དུ་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་བྱས་ཡོད། ཐག་རིང་ལུང་ཁུག་གྲོང་ཚོ་དང་ཚོགས་ཆུང་ཁག་གཅིག་ལ་སློབ་འཁོར་བཀོད་སྒྲིག་བྱས་ནས་སློབ་མ་སློབ་གྲྭར་སྐྱེལ་བསུ་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད། རྒུ་རུམ་གྲོང་རྡལ་གྱི་དམངས་ཡོངས་ལུས་སྦྱོང་གི་ལུས་རྩལ་འགྲན་ཚོགས་གཉེར་བ་དང་རྒུ་རུམ་གྲོང་རྡལ་གྱི་ལས་བྱེད་པ་དང་མང་ཚོགས་སྟོད་ལུང་བདེ་ཆེན་ཆུས་ཀྱི་ལུས་རྩལ་འགྲན་ཚོགས་ལ་ཧུར་ཐག་ཞུགས་པར་སྐུལ་སློང་དང་སྒྲིག་འཛུགས་བྱས་ནས། རྒུ་རུམ་གྲོང་རྡལ་གྱི་ལས་བྱེད་པ་དང་མང་ཚོགས་ཚོའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཡོད།

    གྲོང་ཚོའི་རྣམ་པ་བཅོས་སྐྱོང་ལ་དམིགས་ཏེ་ལམ་སྲོལ་དང་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། རྒུ་རུམ་གྲོང་རྡལ་གྱིས་བཅོས་སྐྱོང་དང་ལམ་ལུགས་ཟུང་འབྲེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་གྲོང་ཚོའི་རྣམ་པ་ལེགས་སུ་བཏང་ཡོད། ཟླ་རེའི་ཚེས་21ཉིན་ནི་གཙང་བཤེར་ཆེན་པོ་དང་གཙང་སེལ་ཆེན་པོའི་ཉིན་མོ་ཡིན་པས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཁོར་ཡུག་གཙང་སྦྲ་བྱས་ནས། རྒྱུན་རྣམ་ཅན་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལམ་སྲོལ་གྲུབ་པར་བྱས་ཡོད། ས་གནས་ས་ཐོག་ཏུ་གྲོང་ཚོ་ཁག་གི་འཚོ་བའི་བཙོག་ཆུ་ཕྱིར་འབུད་སྒྲིག་བཀོད་ལ་ཞིབ་བཤེར་བྱས་པ་དང་། རྫབ་དོང་གི་བཙོག་ཆུ་ཏུན་832ཕྱིར་འབུད་བྱས་པ། གད་སྙིགས་དབོར་འདྲེན་རླངས་འཁོར་ཉོས་ནས་ཉིན་ལྟར་གཙང་སེལ་བྱས་ཏེ་སྡོད་མལ་ཁོར་ཡུག་ལེགས་སུ་ནུས་ལྡན་བཏང་ཡོད། གད་སྙིགས་རིགས་དབྱེའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་དངོས་རྫས་300ལྷག་ཙམ་སྤྲད་པ་དེས་མི་500ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད།

    བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ལ་དམིགས་ཏེ་འགོག་སྲུང་བྱ་ཐབས་ནུས་ལྡན་སྤྱད་ནས་འབྲུབ་འགོག་གེགས་སེལ་གྱི་འཕྲལ་སྡོམ་ཐག་གཅོད་ཡག་པོ་བྱས་ཤིང་། རྒུ་རུམ་གྲོང་རྡལ་གྱིས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། རྣམ་གྲངས་འཛུགས་སྐྲུན། འཕྲལ་སྡོམ་ཐག་གཅོད་བཅས་བྱས་པ་བརྒྱུད་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་བསལ་ཡོད། འབྲུབ་འགོག་ཐན་འགོག་གི་ལས་ཀའི་འཕྲལ་སྡོམ་སྔོན་ཇུས་བཟོ་བ་དང་། འཕྲལ་སྡོམ་བཀོད་འདོམས་འགོ་ཁྲིད་ཚོགས་ཆུང་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱས་ཏེ་འབྲུབ་འགོག་ཐན་འགོག་གི་བཀོད་འདོམས་ལས་ཀར་ཁྲིད་སྟོན་ནུས་ལྡན་བྱས་ཡོད། སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་སྔོན་འགོག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁོངས་གཏོགས་ཁུལ་གྱི་འབྲུབ་འགོག་གི་མངོན་མེད་རྐྱེན་ངན་ཐོན་ཡུལ་10ལྷག་ཙམ་ལ་ས་གནས་ས་ཐོག་ཏུ་གྲལ་བཤེར་བྱས་པ་དང་སྦྲགས་འབྲེལ་ཡོད་མངོན་མེད་རྐྱེན་ངན་ཐོན་ཡུལ་དག་རྣམ་གྲངས་འཛུགས་སྐྲུན་གྱི་རྣམ་པའི་ཐོག་ནས་རྒུ་རུམ་གྲོང་རྡལ་གྱི་འདི་ལོའི་འབྲུབ་འགོག་ལས་དོན་གྱི་སྤྱིའི་བཀོད་པའི་ནང་བཅུག་སྟེ་གྲོང་ཚོ་ཁག་གི་འབྲུབ་འགོག་དང་ཆུ་རགས་རྒྱག་པའི་རྣམ་གྲངས་ལག་བསྟར་དང་ཉེན་སེལ་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།