རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས།
ཐབས་མང་མཉམ་སྤྱོད་ཀྱིས་ཡིག་འབུལ་ཞུ་བཅར་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་པ།
འདི་ལོ་ཚུན་དུ་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས“ཕུའུ་ཅང་གི་ཉམས་མྱོང”དང་། “ཧྥེང་ཆའོ་ཡི་ཉམས་མྱོང”ལ་སློབ་སྦྱོང་གཏིང་ཟབ་དང་དཔྱད་གཞིར་བཟུང་ནས་མང་ཚོགས་ཀྱི་ཁེ་ཕན་ཐོག་མཐའ་བར་གསུམ་དུ་སེམས་ལ་བཅངས་པ་དང་ཡིག་འབུལ་ཞུ་བཅར་གྱི་རེ་ཞུ་ཐག་གཅོད་བྱེད་པའི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་དང་འགལ་ཟླ་དང་ཉེན་ཁ་འབྱུང་རྩ་ནས་བསལ་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་བ་རེད།
ཡིག་འབུལ་ཞུ་བཅར་ལས་དོན་གྱི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ། སྨན་བཅོས་འགན་སྲུང་སྡེ་ཚན་གྱི་འགན་འཁྲི་དང་དོན་དངོས་ཟུང་འབྲེལ་བྱས་ཏེ། རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྡེ་ཚན་མཐུན་སྦྱོར། རང་འགན་གཙང་སྒྲུབ། མཉམ་འཛིན་སྤྱི་སྒྲུབ་བཅས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ལས་ཀའི་ལམ་སྲོལ་བཙུགས་ཤིང་། 《བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱི་འགོ་ཁྲིད་ལས་བྱེད་པས་ཡིག་འབུལ་ཞུ་བཅར་བྱེད་མཁན་ལ་སྣེ་ལེན་དང་གཤམ་སྐྱོད་ལས་ཀའི་ལག་བསྟར་ཇུས་གཞི》བཟོས་ཏེ་འགོ་ཁྲིད་ལས་བྱེད་པས་ཡིག་འབུལ་ཞུ་བཅར་བྱེད་མཁན་ལ་སྣེ་ལེན་དང་གཤམ་སྐྱོད་ཀྱི་ལས་ཀ་རྒྱུན་རྣམ་ཅན་གྱིས་སྤེལ་ཡོད། 2023ལོ་ཚུན་དུ་ཡིག་འབུལ་ཞུ་བཅར་སྡེ་ཚན་གྱིས་བསྒྲུབ་རྒྱུར་རྩིས་སྤྲད་པའི་ཡིག་འབུལ་ཞུ་བཅར་གྱི་དོན་ཚན་ཁག་3སྒྲུབ་གཉེར་ཟིན་པ་དེ་དག་ཚང་མ་འགན་སྲུང་ལ་ཞུགས་མཁན་མང་ཚོགས་ཚོས་ཚུར་ལན་བྱས་པའི་ཞིང་ཆེན་བསྒྲལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱས་ཏེ་ཐད་ཀར་རྩིས་ཞུ་བྱས་པའི་འབྲེལ་ཡོད་གནད་དོན་ཡིན་པ་དང་ཐག་གཅོད་བྱེད་ཚད་100%ཟིན་ཡོད་པ་རེད།
མང་ཚོགས་ཀྱི་རེ་ཞུ་བྱེད་ཐབས་རང་འགུལ་ངང་ཤར་གཏོང་བྱས་པ། རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཞབས་འདེགས་ཞུ་ཡུལ་གྱི་བཞུགས་མོལ་ཚོགས་འདུ་དུས་བཀག་ལྟར་འཚོགས་ནས་རིམ་ཁག་སྨན་བཅོས་འགན་སྲུང་སྒྲུབ་གཉེར་ཞབས་ཞུའི་ཁ་པར་ཡོངས་བསྒྲགས་བྱེད་པ་དང་། སྐད་འཕྲིན་སྤྱི་སྟེགས་དང་ལན་འཇོག་ས་བཙུགས་པ་སོགས་རྣམ་པ་འདྲ་མིན་སྣ་ཚོགས་སྤྱད་ནས་མང་ཚོགས་ཀྱི་རེ་ཞུ་བྱེད་ཐབས་ཤར་གཏོང་བྱས་ཡོད། དུས་ཡུན་རིང་པོའི་ཡིག་འབུལ་ཞུ་བཅར་དང་ཐག་གཅོད་མ་ཐུབ་པའི་རྙོག་ཞུ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཁྱིམ་གྱི་སྒོ་རྩར་རང་འགུལ་གྱིས་ཞབས་འདེགས་ཞུ་བ་དང་ངང་རྒྱུད་རིང་ཞིང་ཞིབ་ཚགས་པོས་སྲིད་ཇུས་འགྲེལ་བཤད་བརྒྱབ་སྟེ་གནད་དོན་ཐག་གཅོད་བྱེད་པར་གཞོགས་འདེགས་ཧུར་ཐག་བྱས་ཡོད། མིག་སྔའི་བར་གསར་འགྱུར་སྨྱན་སྦྱོར་དང་། གཙོ་ཆེའི་དྲ་ཚིགས། ཞབས་ཞུའི་སྐར་ཁུང་བཅས་སུ་ལྗོངས་ཡོངས་ཀྱི་རིམ་ཁག་སྨན་བཅོས་འགན་སྲུང་གཉེར་སྒྲུབ་ལས་ཁུངས་ཀྱི་ཞབས་ཞུའི་ཁ་པར་89ཡོངས་བསྒྲགས་བྱས་པ་དང“བོད་ཀྱི་སྨན་བཅོས་འགན་སྲུང”གི་སྐད་འཕྲིན་སྤྱི་རྟགས་དང་ལན་འཇོག་སར་རིམ་རྩིས་བྱས་ན་སྨན་བཅོས་འགན་སྲུང་སྐོར་གྱི་མང་ཚོགས་ཀྱི་རེ་ཞུའི་སྐོར་གྱི་ལན་340ལྷག་ཙམ་འབྱོར་ཡོད་པ་དང་། ལན་འདེབས་ཚད་100%ཟིན་ནས་མང་ཚོགས་ཀྱི་རེ་ཞུར་འཕྲལ་མར་རང་འགུལ་ངང་ལན་བསློགས་པ་དང་དུས་ཐོག་ཏུ་ལན་བཏབ་ནས་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱིས་ཚུར་ལན་བྱས་པའི་དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་བཏབ་པས་མང་ཚོགས་ཀྱི་གོས་དར་20ལྷག་ཙམ་དང་ཡིག་ཐོག་གི་གཟེངས་བསྟོད་50ལྷག་ཙམ་ཐོབ་པ་རེད།
རྩ་ལག་མཉམ་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་བ། ཡིག་འབུལ་ཞུ་བཅར་དང་ཐེར་འདོན་གྱི“ཐབས་ལམ་གཙོ་བོ”དང“སེམས་འབྲེལ་ཟམ་པའི”ནུས་པ་གང་ལེགས་བཏོན་ནས་ཡིག་འབུལ་ཞུ་བཅར་དང་ཐེར་འདོན་གྱི་ལས་ཀ་ཏན་ཏིག་དང་ཞིབ་ཚགས་ངང་བསྒྲུབས་ཏེ། མང་ཚོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་ཏན་ཏིག་བཏང་ཡོད། རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྲིད་དོན་དམངས་ལ་འདྲི་བ་དང་དམངས་ཀྱི་དཀའ་ངལ་སེལ་རྒྱུ་ཟུང་འབྲེལ་དང་ཉེན་ཁ་སྔོན་འགོག་དང་གནད་དོན་ཐག་གཅོད་བྱེད་རྒྱུ་ཟུང་འབྲེལ་གྱིས་འགན་སྲུང་ལ་ཞུགས་མཁན་རྒན་རྒོན་ཁག་གཅིག་གིས་ཚུར་ལན་བྱས་པའི་སྨན་བཅོས་འགན་སྲུང་གི་རྩིས་ཐོའི་ཆ་འཕྲིན་དུས་ཐོག་ཏུ་ལྟ་མི་ཐུབ་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། དབྱེ་ཞིབ་དང་བརྡར་ཤ་ནན་པོ་གཅོད་པ་དང་། སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་བ། དུས་ཐོག་ཏུ་སྲིད་ཇུས་འདོན་པ། ཆེད་དོན་གྲོན་དངུལ་བཀོད་སྒྲིག་བྱས་ནས་འཕྲིན་ཐུང་ནས་དྲན་སྐུལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་སྨན་བཅོས་འགན་སྲུང་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་འགལ་ཟླ་དང་གནད་དོན་རིགས་ཐོན་བཟོ་ཡོད་པའི་ས་ནས་ཐག་གཅོད་བྱས་པ་རེད།