དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་གྲོང་ལོ་མཇུག་ཏུ་རྩིས་སྤྲད་ནས་སྤྱོད་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-03

    ཉེ་ཆར་ཁྲེང་ཀོན་ཆུས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཏེ། གླང་རུ་སྡེ་ཁུལ་གྲོང་མི་ཨུ་ལྷན་དང་བོད་ལྗོངས་ནཱ་དབྱི་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སིས་འགན་ཁུར་ནས་བསྐྲུན་པའི་རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་གྲོང་གི་ཐོག་བཀབ་ཅིང་། སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་རྩིས་སྤྲད་ནས་བེད་སྤྱོད་བྱ་རྒྱུ་ཡིན་པ་རེད།

    ཐོག་འགེབས་པའི་མཛད་སྒོར་གསར་འགོད་པས། བཟོ་པ་ཚོས་རྗེས་མཐུད་ཀྱི་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པ་མཐོང་བྱུང་། ངོ་སྤྲོད་བྱས་པར་གཞིགས་ན། རྔ་ཆེན་ཤར་ལམ་སྒོ་རྟགས་ཨང་113པའི་རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་གྲོང་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་2བཏང་བ་དང་། རྣམ་གྲངས་ཀྱི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་65361.93ཟིན་ཞིང་། སྟེང་འོག་ཏུ་རླངས་འཁོར་འཇོག་ས1100ཙམ་དང་། ཐོག་སོ་1ནས་4བར་ཡོད་པའི་བཅས་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་། བརྒྱ་ཟོག་གྱོན་ཆས་སྡེབ་ཚོང་། ཞིམ་ཟས། སྤྲོ་གསེང་རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་སྡེབ་ཚོང་ཚོང་གྲོང་ཆེ་ཤོས་ཤིག་ཡིན་པས། ལྷ་སའི་གྲོང་ཤར་ཁུལ་གྱི་ལས་རྣམ་ཆ་ཚང་བ་དང་ཚོང་ཟོག་སྣ་ཁ་ཆ་ཚང་བའི་རྟེན་གཞིར་འགྱུར་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཚོང་གྲོང་གནས་སའི་ས་བབ་ལེགས་པ་དང་ལྷོ་ངོས་ནི་ཤར་གྲོང་དབན་ཏཱ་ཐག་ཉེ་བ་དང་བྱང་ངོས་བྱང་འདབས་གྲོང་སྐོར་ལམ་གསུམ་པའི་འགྲམ་དུ་ཡོད་པ་མ་ཟད། ཉེ་འཁོར་གྱི་ལེ་ལག་དང་སྒྲིག་བཀོད་འཐུས་སྒོ་ཚང་ཞིང་། འཚོ་བ་དང་སྲིད་འཛིན་གྱི་ལེ་ལག་ཆ་ཚང་བ་ཞིག་ཡོད། ཚོང་གྲོང་དེ་བསྐྲུན་རྗེས་བོད་ཀྱི་རིག་གནས་ཁྱད་ཆོས་མངོན་པ་དང་། སྣེ་མང་ཅན་གྱི་གཉེར་སྐྱོང་། ཚོང་དོན་གྱི་ལེ་ལག་ཚང་བའི་ཞབས་ཞུ་མཁོ་སྤྲོད་ཀྱི་འཁོར་འབྲེལ་བཟང་བ་བཅས་སྡེབ་ཚོང་དང་སིལ་ཚོང་ཟུང་དུ་འབྲེལ་བའི་ལས་སྒོའི་ལུགས་མཐུན་བཀོད་པ་གྲུབ་པ་དང་སྦྲགས་དེས་ལྷ་སའི་ཚོང་གྲོང་གི་རིམ་པ་འཕར་བ་དང་། གྲོང་ཁྱེར་འཛུགས་སྐྲུན་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། གྲོང་ཁྱེར་གྱི་ནུས་པ་ཆེ་རུ་གཏོང་བ། གྲོང་ཁྱེར་གྱི་སྤུས་ཚད་ལེགས་སུ་གཏོང་བ་བཅས་ལ་སྐུལ་མ་ཐེབས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།