དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ནག་ཆུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས།

    འོས་འགན་སྨན་བཅོས་དང་བདེ་ཐང་སྐོར་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-03

    རྟ་རྒྱུག་དུས་ཆེན་རིང་ནག་ཆུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཀྲེ་ཅང་གི་སྨན་བཅོས་བོད་སྐྱོར་རིགས་གཅིག་མཁས་ཅན་དང་། གྲོང་ཁྱེར་མི་དམངས་སྨན་ཁང་། སྨན་རྩིས་ཁང་། ནད་ཡམས་ཚོད་འཛིན་ལྟེ་གནས། གསེར་རྙེད་ཆུས་མི་དམངས་སྨན་ཁང་སོགས་ཀྱི་སྨན་དོན་མི་སྣ་40གདན་དྲངས་ཏེ། རྟ་རྒྱུག་ཐང་དུ་འོས་འགན་སྨན་བཅོས་དང་བདེ་ཐང་སྐོར་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    ད་རེས་ཀྱི་བྱེད་སྒོར་མི་ཐེངས་376ལ་འོས་འགན་སྨན་བཅོས་བྱས་པ་དང་། སྨན་སྒམ་ཆུང་196དང་བདེ་ཐང་ཤེས་བྱའི་ལག་དེབ་1040སྤྲད་པ། མང་ཚོགས་1000ལྷག་ཙམ་ལ་མི་རིགས་མཐུན་སྒྲིལ་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཡོད། སྨན་དོན་མི་སྣས་རྒྱ་ཆེའི་མང་ཚོགས་ཀྱིས་བདེ་ཐང་སྐོར་གྱི་གནད་དོན་བློ་འདྲི་བྱས་པར་ལན་བརྒྱབ་པ་མ་ཟད། རྒྱུན་གཏན་གྱི་ལུས་ཁམས་བདེ་སྲུང་དང་། རྒྱུན་ཐོན་ནད་གཞི་དང་ཐོན་སླའི་ནད་གཞི་སྔོན་འགོག རྒྱུན་མཁོའི་སྨན་བསྟེན་སྟངས་སོགས་ལ་མཛུབ་ཁྲིད་ཀྱང་བྱས་ཏེ། མང་ཚོགས་ཀྱིས་གཞི་རྩའི་བདེ་ཐང་བདེ་སྲུང་གི་ཤེས་བྱ་དང་རྩལ་ནུས་ཁོང་དུ་ཆུད་ཐབས་བྱས་པར་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད།

    ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་བརྒྱུད། རྒྱ་ཆེའི་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བ་དང་། སྨན་དོན་མི་སྣ་དང་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་ཕྱིན་པ། མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། ནག་ཆུ་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ལས་དོན་པས། སླད་ཕྱིན་དམངས་ཕན་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ལ་དྲོ་སྐྱིད་དེ་བས་མང་བ་སྦྱིན་གྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།