ལྷོ་རོང་རྫོང་གིས་ཉམས་སད་ཐེག་པའི་གྲོང་ཚོའི་ལས་བྱེད་པའི་ དཔུང་ཁག་ཅིག་གསོ་སྐྱོང་བྱས་པ།
གྲོང་ཚོའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། ལྷོ་རོང་རྫོང་གིས་བྱེད་ཐབས་སྣ་མང་མཉམ་དུ་སྤྱད་ནས་གྲོང་ཚོའི་ལས་བྱེད་པའི་དཔུང་ཁག་གི་གསར་གཏོད་ཀྱི་འཇོན་ཐང་དང་། གོང་བུ་སྒྲིལ་ཤུགས། དམག་འཐབ་འཇོན་ཐང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། བྱང་ཚད་མཐོ་བ། སྤྱོད་ཚུལ་བཟང་བ། གྲུབ་འབྲས་ལེགས་པ་བཅས་ཀྱི་གྲོང་ཚོའི་ལས་བྱེད་པའི་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱས་ཡོད།
ལྷོ་རོང་རྫོང་གིས“བརྒྱུད་རོཌ་ཁྲིད་གསུམ”གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་བཙུགས་ཤིང་། མིག་སྔར་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གྲོང་ཚོའི་ལས་བྱེད་པའི་དབར་ཆ་སྒྲིག་རོགས་ཁྲིད་ཚོ་ཆུང་426བཟོས་ཡོད་པ་དང་། “བརྒྱུད་རོགས་ཁྲིད་གསུམ”ཐེངས་568བྱས་ཡོད། ལྷོ་རོང་རྫོང་གིས་ཆིང་ཧྭ་སློབ་ཆེན་དང་མཉམ་ལས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྒྱང་ཁྲིད་སློབ་ཚན་ས་ཚིགས་བཙུགས་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་འཐབ་ས་མདུན་མའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་ཤིང་། ས་ཚིཌ་བཙུཌ་པ་ནས་བཟུང་། སློབ་ཁྲིད་ཐེངས་14སྒྲིག་འཛུཌ་བྱས་པར་མི་2195ཞུགས་ཡོད།
གཞན་ཡང་། གྲོང་ཚོའི་ལས་བྱེད་པའི་གནས་སྦྱར་སྦྱོང་བརྡར་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཤིང་། མིག་སྔར་གྲོང་ཚོའི་ལས་བྱེད་པ་11ཤང་དང་གྲོང་རྡལ་དུ་གནས་སྦྱར་སྦྱོང་བརྡར་བྱེད་བཞིན་ཡོད་པ་རེད།