དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྟག་རྩེ་ཆུས་ཀྱི་ཞིང་འབྲོག་པའི་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་རིམ་སྤོར་འཛུགས་སྐྲུན་རྣམ་གྲངས་ཁག་གཉིས་པ་ལས་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-01

    གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་རིམ་པ་སྤོར་ཆེད། སྟག་རྩེ་ཆུས་ཀྱི་2023ལོའི“མཛེས་སྡུག་ལྡན་པའི་གྲོང་གསེབ·བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་གྱི་བྱ་སྤྱོད་འཆར་གཞི་དང་ཞིང་འབྲོག་མང་ཚོགས་ཀྱི་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་རིམ་སྤོར་འཛུགས་སྐྲུན་རྣམ་གྲངས་ཁག་དང་པོའི་རྨང་གཞིའི་ཐོག རྣམ་གྲངས་ཁག་གཉིས་པ་ཉེ་ཆར་འཛུགས་སྐྲུན་ལས་འགོ་ཚུགས་པ་རེད།

    ཉེ་ཆར་སྟག་རྩེ་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་ཐང་དཀར་ཤང་དང་ཞོལ་ཤང་དུ་སྟག་རྩེ་ཆུས་ཀྱི་2023ལོའི“མཛེས་སྡུག་ལྡན་པའི་གྲོང་གསེབ·བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་གྱི་བྱ་སྤྱོད་འཆར་གཞི་དང་ཞིང་འབྲོག་མང་ཚོགས་ཀྱི་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་རིམ་སྤོར་འཛུགས་སྐྲུན་རྣམ་གྲངས་ཁག་གཉིས་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་རྣམ་གྲངས་ལག་བསྟར་ཇུས་གཞི་གསལ་འགྲེལ་ཞིབ་ཕྲ་བྱས་པ་དང་རྣམ་གྲངས་སྒྱུར་བཅོས་ཀྱི་ལག་རྩལ་བླང་བྱ་གཙོ་གནད་དུ་ནན་བཤད་བྱས་པ་དང་འབྲེལ། རྣམ་གྲངས་ཁག་དང་པོ་ལག་བསྟར་བྱས་ཚུན་གྱི་བཀྲག་མདངས་འཚེར་སར་གདེང་འཇོག་ཀྱང་བྱས་པ་རེད།

    ཐང་དཀར་ཤང་ཐང་དཀར་གྲོང་ཚོའི་ཚོགས་ཆུང་བཞི་པའི་ཉི་མ་བསྟན་འཛིན་གྱིས“ངའི་ཁང་པ་འདི་རྣམ་གྲངས་ཁག་དང་པོའི་སྐབས་བརྒྱབ་པ་རེད། དེ་སྔའི་ཁང་པ་ནི་ས་ཕག་ཡིན་པས་སྤུས་ཀ་དག་པོ་མེད། ཏང་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག ད་ལྟ་ཨར་འདམ་ལྕགས་རྩིབས་ཡིན་པས་སྤུས་ཀ་དག་ལ་བློ་ཧ་ཅང་བདེ་པོ་འདུག”ཅེས་བཤད།

    2023ལོའི་ཟླ་4པར། སྟག་རྩེ་ཆུས་ཐང་དཀར་ཤང་གི“མཛེས་སྡུག་ལྡན་པའི་གྲོང་གསེབ·བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་གྱི་བྱ་སྤྱོད་འཆར་གཞི་དང་ཞིང་འབྲོག་མང་ཚོགས་ཀྱི་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་རིམ་སྤོར་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་དང་མིག་སྔར་ཞིང་འབྲོག་མང་ཚོགས་དུད་ཚང་126གི་ཁང་པའི་སྤུས་ཀ་དག་པོ་མེད་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་ཡོད་པ་རེད།

    ཤེས་རྟོཌ་བྱུང་བར་གཞིགས་ན། ད་ཐེངས་ལག་བསྟར་བྱས་པའི་སྟག་རྩེ་ཆུས་ཀྱི་2023ལོའི“མཛེས་སྡུག་ལྡན་པའི་གྲོང་གསེབ·བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”འཛུགས་སྐྲུན་གྱི་བྱ་སྤྱོད་འཆར་གཞི་དང་ཞིང་འབྲོག་མང་ཚོགས་ཀྱི་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་རིམ་སྤོར་འཛུགས་སྐྲུན་རྣམ་གྲངས་ཁག་གཉིས་པར་རིམ་པ་འདི་གའི་ནོར་སྲིད་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི་7080བཏང་བ་དང་། ཤང(གྲོང་རྡལ)4དང་ཞིང་འབྲོག་མང་ཚོགས་དུད་ཚང་446ལ་ཁྱབ་ཡོད། ཐང་དཀར་ཤང་ཐང་དཀར་གྲོང་ཚོའི་ཚོགས་ཆུང་ལྔ་པའི་གྲོང་མི་བུ་ཆུང་གི་ཁྱིམ་ཡང་དེའི་གྲས་ཤིག་རེད།

    ཐང་དཀར་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དཔའ་ལྡན་གྱིས། ངེད་གྲོང་ཚོའི་དུད་ཚང་42རྣམ་གྲངས་ཁག་དང་པོར་ཚུད་པ་དང་། རྣམ་གྲངས་ཁག་དང་པོའི་དཔེ་སྟོན་སྐུལ་ཁྲིད་འོག ཐང་དཀར་གྲོང་ཚོས་རྣམ་གྲངས་ཁག་གཉིས་པ་ནས་དུད་ཚང་55ཡི་ཐོབ་སྐལ་བརྩོན་ལེན་བྱས་ཡོད་ཅེས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།