སྟག་རྩེ་ཆུས་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་ཞིང་ལས་ཡུལ་སྐོར་མཉམ་འདྲེས་ལས། ཞིང་པའི་དངུལ་ཁུག་ལྗིད་ཏིག་ཏིག
ཉེ་བའི་ལོ་ཤས་རིང་། སྟག་རྩེ་ཆུས་ཀྱིས་སྲོལ་རྒྱུན་ཞིང་ལས་ཐོན་སྐྱེད་ཀྱི་ལེགས་ཆར་བརྟེན་ནས་དེང་རབས་ཞིང་ལས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ཚན་རྩལ་གསར་སྤེལ་དང་། དཔེ་སྟོན། ཁྱབ་འགྱེད། ཁྱབ་གདལ་བཅས་ནང་དོན་གཙོ་བོར་འཛིན་པ། ཞིང་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཁྱད་ལྡན་སོས་འཐོག་ལྡུམ་ར་འབོར་ཆེན་བཏོད་པ་དང་ཞིང་པ་འབབ་འཕར་ཡོང་བའི་ཐབས་ལམ་མང་དུ་བཏང་ཡོད། ཉེ་ཆར། སྟག་རྩེ་ཆུས་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཁྱད་ལྡན་སྔོ་ཚལ་གཅིག་རྗེས་གཉིས་མཐུད་ངང་སྨིན་ནས་དྲོད་ཁང་གི་གང་སར་འབྲས་བུ་མང་པོ་བཏགས་ཡོད།
སྟག་རྩེ་ཆུས་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་བཙུགས་པ་ནས་བཟུང་། གླིང་དེས“ངེས་གནས་གསུམ”(“ཤ་ཚལ་སྒོང་གསུམ་གྱི་འདུ་འགོད”དང་། ཚན་ཞིབ་རྣམ་གྲངས་ཞིབ་འཇུག་གསར་སྤེལ་རྟེན་གཞི། དེང་རབས་ཅན་གྱི་སྤྲོ་གསེང་ལྟ་སྐོར་བྱེད་ནུས)བཅས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ཡོད། མིག་སྔར་ས་མེད་འདེབས་གསོའི་ལག་རྩལ་གྱི་འབྲི་ཏ་ས་འཛིན་འདེབས་འཛུགས་དང་། ཧོ་ལུང་ཀུའོ། སྔོ་ཚལ་དང་མེ་ཏོག་སྣ་ཚོགས་འདེབས་འཛུགས་བཅས་མངོན་འགྱུར་བྱུང་ནས་གླིང་དེའི་ནང་ནས་ལོ་གཅིག་དུས་བཞི་ཚང་མར་སྔོ་ཚལ་དང་ཤིང་འབྲས་སོས་པ་ཐོན་གྱི་ཡོད། གཞན་ཡང་། གླིང་དེས་ནན་ཅིང་ཞིང་ལས་སློབ་ཆེན་དང་མཉམ་ལས་བྱེད་པའི“དུས་བཞིའི་ལུག་མིག་མེ་ཏོག”གི་ཚན་ཞིབ་རྣམ་གྲངས་སོགས་ལ་རིམ་བཞིན་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཞིང་ལས་དང་ཡུལ་སྐོར་རིག་གནས་སོགས་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་འཚོལ་ཞིབ་ཧུར་ཐག་བྱེད་པ། སྐྱེ་ཁམས་དང་། ལྟ་སྐོར། སྤྲོ་གསེང་། རོལ་རྩེད། སོས་འཐོག་བཅས་གཞི་གཅིག་ཅན་གྱི་ཞིང་ལས་ལྟ་སྐོར་ཡུལ་སྐོར་གྱི་ལས་རྣམ་གསར་པ་གཏོད་པ། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་རོགས་བྱེད་པ་བཅས་ལ་བརྟེན་ནས་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་འབྱོར་ཕྱུག་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་གཏོད་དང་བཏོད་བཞིན་ཡོད།
སྟག་རྩེ་ཆུས་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་གི་འགན་འཁུར་བ་ལྷག་པ་དོན་གྲུབ་ཀྱིས“གླིང་དེས་ཚན་རྩལ་སྔོན་ཐོན་གྱི་འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། སྣ་ཁ་གསར་པ་དང་། ལག་རྩལ་གསར་པ། སྔོན་ཐོན་གྱི་དོ་དམ་བྱེད་སྟངས་ནང་འདྲེན་བྱེད་པ། དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་ལམ་བུའི་ཐོག་ཡག་པོ་སྐྱོད་པ་དང་ཆབས་ཅིག ཁེ་ལས་དང་ཞིང་དུད་ཀྱིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་གཏོང་བར་ལྟ་འདོམས་ཡག་པོ་བྱེད་པ་དང་། སྤྱི་གནོད་མེད་པའི་སྔོ་ཚལ་གྱི་ཚད་གཞིར་ནན་པོར་གཞིགས་ནས་དོ་དམ་བྱེད་པ། ཚན་རྩལ་འདེབས་འཛུགས་ཀྱི་གསོ་སྦྱོང་ཡག་པོ་བྱེད་པ་བཅས་བྱས་ནས་ཞིང་འབྲོག་པས་ཕན་པ་ཆེ་བའི་ཞིང་ལས་ཤེས་རྟོགས་ཐུབ་པ་དང་། འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་པ་བྱ་རྒྱུ་ཡིན་ལ། ཞིང་ལས་གླིང་བརྒྱུད་ནས་སྣེ་ཁྲིད་དཔེ་སྟོན་དང་ཞིང་པ་དེ་བས་མང་བས་ཕན་པ་ཆེ་བའི་ཞིང་ལས་ནང་ཞུགས་པར་སྣེ་ཁྲིད་བྱ་རྒྱུའང་ཡིན”ཞེས་བ