དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་གཞུང་རྒྱུ་ཨུ་ལྷན་གྱིས“ཕུལ་བྱུང་གསུམ” གྱི་ཁེ་ལས་གསོ་སྐྱོང་གི་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-29

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་རེས་སྐོར་གསར་པའི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་གཏོང་མཐོར་གཏོང་བྱ་སྤྱོད་ཀྱི་བླང་བྱ་གཞིར་བཟུང་། “དོན་ཆེན་བཞིར”དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་རྒྱག་པ། “དབང་ཆ་ལྔའི”བླང་བྱ་དང“དམིགས་པ་ལྔ”དོན་འཁྱོལ། ཕྱོགས་གཅིག་ནས་སྐོར་གཟིགས་དག་ཐེར་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་འཛིན་བཅས་བྱ་ཆེད། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་གྱིས་སྤྱི་གྱུར་འཆར་འགོད་དང་ལྟ་འདོམས་ཁེ་ལས་སྒྲིག་འཛུགས་བྱས་ཏེ“ཕུལ་བྱུང་གསུམ”(ནུས་པ་ཕུལ་བྱུང་དང་། དོ་དམ་ཕུལ་བྱུང་། གྲུབ་འབྲས་ཕུལ་བྱུང་བཅས)ཁེ་ལས་གསོ་སྐྱོང་བྱས་པ་རེད། འདེམས་སྒྲུག་ནན་པོ་བྱས་པ་བརྒྱུད་ཁེ་ལས་15“ཕུལ་བྱུང་གསུམ”གྱི་ཁེ་ལས་གསོ་སྐྱོང་མཛོད་ནང་འཇུག་རྒྱུའི་གཏན་འཁེལ་བྱས་པ་རེད།

    ཁག་དང་པོའི“ཕུལ་བྱུང་གསུམ”གྱི་ཁེ་ལས་གསོ་སྐྱོང་མཛོད་ནང་བདམས་པའི་ཁེ་ལས་15ལ་2023ལོར་སྔོན་དཔག་བྱས་ན་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་7.2ཟིན་རྒྱུ་དང་། 2025ལོར་སླེབས་སྐབས་སྔོན་དཔག་བྱས་ན་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་10ཟིན་ནས་ལོ་རེར་ཆ་སྙོམས་17%ཡན་འཕར་རྒྱུ། ལས་བཟོ་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་འབྲིང་ཆུང་གི་ལས་རྗེས་གདེང་འཇོག་ཚད་གཞི་དང་ཡང་ཡང་བསྡུར་བ་བརྒྱུད་སྔོན་དཔག་བྱས་ན་མི་རེར་སྒོར་ཁྲི་67.8ནས་མི་རེར་སྒོར་ཁྲི་75.5བར་མཐོ་རུ་ཕྱིན་ནས་10%ཡན་འཕར་ཏེ་ཕུལ་བྱུང་གི་ཆུ་ཚད་མུ་མཐུད་རྒྱུན་འཁྱོངས་ཐུབ་རྒྱུ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།