དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་སྔོན་མཚོ་ནུབ་ཀྲོའུ་ཡིས་ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་ནས་སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-09-28

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚོང་གཉེར་ཁོར་ཡུག་ཡག་པོ་ཞིག་གིས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་འགྲོ་བ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ཐེབས་ནས་ཐོན་ལས་ཀྱི་གྲུབ་ཆ་རིམ་སྤོར་ལ་རམ་འདེགས་བྱེད་ཐུབ། འདི་ལོ་ཚུན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཁེ་ལས་དང་གཉེར་སྐྱོང་བྱེད་པོའི་དོ་ཁུར་དང་གླེང་མང་བའི་གནད་དོན་ལ་དམིགས་ཏེ་སྲིད་དོན་སྒྱུར་བཅོས་དང་། ཞིབ་མཆན་འགོད་པའི་ལམ་ལུགས། ཁེ་ལས་ལ་རོགས་སྐྱོར་བཅས་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་ནས། ས་ཁོངས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་སྟེ་སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    མཚོ་ནུབ་ཀྲོའུ་ནི་མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་ཐོན་ལས་དཔལ་འབྱོར་དང་ནུས་རྒྱུ་གསར་པ་དང་དེ་བཞིན་འབྲེལ་ཡོད་ཀ་རྟེན་ཐོན་ལས་འཕེལ་རྒྱས་ཀྱི་ལྟེ་བའི་ས་ཁོངས་ཤིག་རེད། ཉེ་བའི་ལོ་ཤས་རིང་། མཚོ་ནུབ་ཀྱིས་ཐོན་ལས“ཁུལ་བཞི”འཛུགས་སྐྲུན་དང་ས་ཁོངས་ཀྱི་ཐོན་ལས་གྲུབ་ཆ་ལེགས་གཏོང་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་མགྱོགས་སུ་བཏང་བ་དང་སྦྲགས། ས་ཁོངས་ནང་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་ཐོན་ལས་གཙོ་བོར་བྱེད་པ་དང་། འོད་ཤུགས་དང་། འོད་དྲོད། ནུས་རྒྱུ་གསར་པ། རྒྱུ་ཆ་གསར་པ་སོགས་ཐོན་ལས་འཁོར་འབྲེལ་མང་པོ་ཞིག་འཁོར་རྒྱུག་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་བའི་ཐབས་ལམ་ཞིག་གྲུབ་ཡོད། དེ་མཚོ་ནུབ་ཀྱིས་ནུས་ཤུགས་ཡོད་རྒུས་ཁྲོམ་རའི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ་དང་ཁ་འབྲལ་ཐབས་མེད། མིག་སྔའི་བར་མཚོ་ནུབ་ཀྲོའུ་ཡི་གཉེར་སྐྱོང་བྱེད་པོ་བསྡོམས་ཁྲི་5.56ལས་བརྒལ་བ་དང་ལོར་གཉེར་སྐྱོང་བྱེད་པོ་སྣ་ཚོགས་4178མང་དུ་ཕྱིན་ཡོད་པ་རེད།

    འདི་ལོའི་ལོ་སྟོད་ནས་ད་བར། མཚོ་ནུབ་ཀྲོའུ་ཡིས་སྲིད་དོན་ཞབས་ཞུའི་བྱ་བ་དྲ་ཐོག་ཏུ་འཁོར་སྐྱོད་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རིགས་ཁག་གི་ཚད་གཞི་ཅན་གྱི་སྲིད་དོན་ཞབས་ཞུའི་བྱ་བ་ཁག་6037བར་མང་དུ་བཏང་བ་དང་། སྤྱི་པའི་ཞབས་ཞུ་དྲ་ཐོག་ཏུ་སྒྲུབ་ཚད་96.58%བར་མཐོ་རུ་བཏང་བ། སྲིད་དོན་ཞབས་ཞུའི་བྱ་བའི་ཁྲོད་90%“དྲ་གཅིག་ཀུན་སྒྲུབ”དང“ཐེངས་གཅིག་ལས་འགྲོ་མི་དགོས་པ”མངོན་འགྱུར་བྱུང་ཡོད། “གསལ་ཐོ་གཅིག”དང་། “དྲ་གཅིག་ཀུན་སྒྲུབ” “ངོ་འཕྲད་མི་དགོས་པ”བཅས་ཀྱི་ཞིབ་མཆན་འགོད་པའི་ལམ་ལུགས་འཛུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཁེ་ལས་ཀྱི་རྣམ་གྲངས་ལ་ཞིབ་མཆན་འགོད་པའི་བརྒྱུད་རིམ་དེ་བས་ཉུང་བ་དང་ལས་ཕྱོད་དེ་བས་ཆེ་བ་ཡོང་བར་བྱས་ཡོད། རྣམ་གྲངས་འཛུགས་སྐྲུན“དོན་འཁྱོལ་བྱེད་དཀའ་བ་དང་ལས་འགོ་འཛུགས་འགོར་བའི”གནད་དོན་ལ་དམིགས་ནས“རྣམ་གྲངས་ཀྱི་ཞིབ་མཆན་འགོད་རྒྱུ་ནར་འགྱངས་ཀྱི་གནད་དོན”ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་ཏན་ཏིག་སྤེལ་བར། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རང་བཤེར་བྱས་ནས་གནད་དོན་27ཤེས་རྟོགས་ཐུབ་པ་དང་གནད་དོན་18དག་ཐེར་བྱས་ཟིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།