དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་མཁའ་ཐོག་འཁོར་ལམ་ཐོག་མ་གཉེར་སྐྱོང་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-09-28

    ཟླ་9ཚེས་26ཉིན། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་རྩད་ཞིབ་ཇུས་འགོད་ཁང་བཞི་པས་སྤྱི་ཡོངས་ཇུས་འགོད་བྱས་པའི་རྒྱལ་ཡོངས་ཀྱི་དཔྱངས་འགེལ་རྣམ་པའི་རྐྱང་བགྲོད་ལྕགས་ལམ་ཚོང་གཉེར་ལམ་ཐིག་ཐོག་མ་སྟེ་ཀོང་ཀུའུ་མཁའ་ཐོག་འཁོར་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭ་གཉེར་སྐྱོང་བྱེད་འགོ་ཚུགས་པ་འདི་ནི་རང་རྒྱལ་གྱི་གཉེར་སྐྱོང་བྱེད་འགོ་ཚུགས་པའི་མཁའ་ཐོག་འཁོར་ལམ་དང་པོ་ཡིན་པ་རེད། ཀོང་ཀུའུ་མཁའ་ཐོག་འཁོར་ལམ་གྱི་དུས་ཐེངས་དང་པོའི་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་10.5དང་བབས་ཚུགས་6ཡོད། མཁའ་ཐོག་འཁོར་ལམ་མེ་འཁོར་དེ་ཁ་ལོ་བ་མེད་པར་རང་འགུལ་གྱིས་གཉེར་སྐྱོང་བྱེད་ཀྱི་ཡོད་ལ་མྱུར་ཚད་མགྱོགས་ཤོས་ཆུ་ཚོད་རེར་སྤྱི་ལེ་60ཡིན་པ་རེད།

    འདི་ནི་མཁའ་ཐོག་འཁོར་ལམ་ནས་སྐྱོད་བཞིན་པའི་མེ་འཁོར་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།