དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཆེས་མཐོ་གཉིས་དང་པུའུ་གཅིག”གིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས་དྲ་རྒྱའི་གཏུམ་སྤྱོད་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། དྲ་རྒྱའི་གཏུམ་སྤྱོད་བཅོས་སྒྲིག་གི་ཕན་འབྲས་སྔར་བས་ཆེ་རུ་གཏོང་བ་དང་སྤྱི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱ་ཆེད། ཚེས་25ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་མཉམ་དུ་མཛུབ་ཁྲིད་བསམ་འཆར་ཁྱབ་བསྒྲགས་བྱས་ནས་དྲ་རྒྱའི་གཏུམ་སྤྱོད་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་རེད།

    ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱི《དྲ་རྒྱའི་གཏུམ་སྤྱོད་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ལ་ཁྱོན་དོན་ཚན་20ཡོད་ཅིང་། དྲ་རྒྱའི་གཏུམ་སྤྱོད་ཀྱི་ཁྲིམས་འགལ་ཉེས་གསོག་གྱོད་གཞིའི་བཅའ་ཁྲིམས་སྤྱད་འཐུས་དང་སྲིད་ཇུས་སྟངས་འཛིན་གྱི་གནད་དོན་ལ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་གཏན་འབེབས་བྱས་ཡོད།

    བསམ་འཆར་ནང་གསལ་པོ་བཏོན་དོན། དྲ་རྒྱའི་གཏུམ་སྤྱོད་ཀྱི་ཉེས་མིང་སྤྱད་འཐུས་སྒྲིག་སྲོལ་ཁ་གསལ་བཟོས་ཤིང་། ཞིབ་ཕྲ་བརྗོད་ན། ཆ་འཕྲིན་དྲ་རྒྱའི་ཐོག་འཛེམ་མེད་ངང་གཞན་ལ་བརྙས་བཅོས་བྱེད་པའམ་ཡང་ན་དོན་དངོས་རྫུན་མ་བཟོས་ནས་མི་གཞན་ལ་སྐུར་འདེབས་བྱེད་པའི་ཉེས་ཚབས་ཆེ་རིགས་སྐུར་འདེབས་ནག་ཉེས་དང་བརྙས་བཅོས་བྱེད་པའི་ནག་ཉེས་སུ་གཏན་འཁེལ་བྱས་ནས་ཉེས་ཆད་གཅོད་རྒྱུ་དང་། “དྲ་ཐོག་དམར་འཚོལ”སྒྲིག་འཛུགས་བྱས་ནས་ཁྲིམས་འགལ་ངང་འཚོལ་བསྡུ་བྱེད་པ་དང་འབྲེལ་དམིགས་འཛུགས་མ་བྱས་པའི་མི་མང་པོར་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པའི་ཉེས་ཚབས་ཆེ་རིགས་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་བཏང་བའི་ནག་ཉེས་སུ་གཏན་འཁེལ་བྱས་ནས་ཉེས་ཆད་གཅོད་རྒྱུ་རེད། གཞན་ཡང་དྲ་རྒྱའི་གཏུམ་སྤྱོད་ཀྱི་དོན་རྐྱེན་ལ་བརྟེན་ནས་རྣབ་སེམས་བཅངས་ཏེ་ཚོང་གཉེར་བྱེད་པའི་བྱེད་སྤྱོད་ལ་ཁྲིམས་འགལ་ངང་ཆ་འཕྲིན་དྲ་རྒྱ་སྤྱད་པའི་ནག་ཉེས་སྤྱད་འཐུས་ཆོག་པ་དང་། དྲ་རྒྱའི་གཏུམ་སྤྱོད་ཆ་འཕྲིན་ཡིན་པ་ཤེས་རྟོགས་བྱུང་རིགས་ཀྱིས་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་དོ་དམ་གྱི་འོས་འགན་ཁྲིམས་ལྟར་མི་སྒྲུབ་པའི་བྱེད་སྤྱོད་ལ་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་དོ་དམ་གྱི་འོས་འགན་མི་སྒྲུབ་པའི་ནག་ཉེས་སྤྱད་འཐུས་ཆོག་གི་ཡོད་པ་བཅས་རེད།

    བཅའ་ཁྲིམས་ལྟར་དྲ་རྒྱའི་གཏུམ་སྤྱོད་ལ་དམིགས་པའི་དམངས་དོན་ཁེ་དབང་སྲུང་སྐྱོང་ཐད་བསམ་འཆར་ནང་གཏན་འབེབས་བྱས་དོན། མི་གཞན་ལ་དམིགས་ནས་དྲ་རྒྱའི་གཏུམ་སྤྱོད་ཀྱི་བྱེད་སྤྱོད་སྤེལ་བ་དང་། མི་གཞན་པའི་མིང་གྲགས་ཁེ་དབང་དང་གསང་དོན་ཁེ་དབང་སོགས་མི་གཞིའི་ཁེ་དབང་ལ་བཙན་གནོད་བྱས་རིགས་གནོད་འཚེ་ཕོག་མཁན་གྱིས་བྱེད་སྤྱོད་སྤེལ་མཁན་ལ་དམངས་དོན་འགན་འཁྲི་འཁུར་རྒྱུའི་རེ་བ་ཞུས་ཚེ་མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ལྟར་རྒྱབ་སྐྱོར་བྱེད་དགོས།

    “དྲ་རྒྱའི་གཏུམ་སྤྱོད་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པའི་འགག་རྩ་ནི་དྲ་རྒྱའི་ཐོག་གི་བརྙས་བཅོས་དང་སྐུར་བ་འདེབས་པའི་ཁྱད་ཆོས་ལ་གཞིགས་ནས་བཅའ་ཁྲིམས་ཀྱི་སྤྱད་འཐུས་ཚད་གཞི་སྔར་བས་ཁ་གསལ་བཟོ་བ་དང་། ཉེས་དོན་བདའ་འདེད་ཀྱི་གོ་རིམ་ཤར་བགྲོད་ཐུབ་པ། དྲ་རྒྱའི་ཐོག་གི་གཏུམ་སྤྱོད་གནོད་འཚེ་ཕོག་མཁན་ལ་དུས་ཐོག་ཏུ་བཅའ་ཁྲིམས་ཀྱི་རོགས་སྐྱོབ་ནུས་ལྡན་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་མི་གཞིའི་ཁེ་དབང་སྲུང་སྐྱོང་ཐུབ་པ་དང་ཉེ་འགྲམ་ནས་དྲང་གཞག་དྲང་བདེན་མྱོང་ཚོར་གང་ལེགས་ཐུབ་པར་བྱེད་དགོས”ཞེས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད་པ་དང་། བསམ་འཆར་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དེས་དྲ་རྒྱའི་གཏུམ་སྤྱོད་བཅོས་སྐྱོང་གི་ཕན་འབྲས་སྔར་བས་ཆེ་རུ་དང་། སྤྱི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་ནུས་ལྡན་ཐུབ་པ། དྲ་རྒྱའི་བར་མཐོངས་དྭངས་གཙང་ཡོང་བ་བཅས་ལ་ནུས་པ་གལ་ཆེན་ཐོན་ངེས་རེད་ཅེས་འགན་འཁུར་བ་དེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།