ཀྲུང་ཨའི་དངོས་མང་སྟོན་ཚོགས་ལ་སྨན་བཅོས་ མཉམ་ལས་ཟབ་ཏུ་བཏང་བ།
འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་བྱ་སྤྱོད་ནི་ཀྲུང་ཨའི་དངོས་སྒྲུབ་མཉམ་ལས་ཀྱི“ཐུན་མོང་བྱ་སྤྱོད་ཆེ་གྲས་བརྒྱད”ཀྱི་གྲས་ཤིག་ཡིན་ཞིང་། ཉེ་ཆར་ཉིང་ཞའི་དབྱིང་ཁྲོན་དུ་གཉེར་བའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་སྐབས་དྲུག་པར་ཀྲུང་ཨ་ཕྱོགས་གཉིས་པོས་བདེ་ཐང་ཐོན་ལས་སྐོར་ལ་སྤེལ་རེས་གཏིང་ཟབ་བྱས་ཁར། གྲངས་འཛིན་བདེ་ཐང་འགྲེམས་སྟོན་ཡང་བྱས་ནས་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་བ་རེད།
རྒྱལ་ཁབ་ཀྱི“དྲ་སྦྲེལ་དང་སྨན་བཅོས་བདེ་ཐང་ཟུང་དུ་འབྲེལ་བའི”དཔེ་སྟོན་ཁུལ་ཡིན་པའི་ཉིང་ཞ་ཡིས་ཉེ་བའི་ལོ་ཤས་རིང་ཨ་རབ་རྒྱལ་ཁབ་དང་སྤེལ་རེས་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་ཀྲུང་ཨའི“དྲ་སྦྲེལ་དང་སྨན་བཅོས་བདེ་ཐང་ཟུང་དུ་འབྲེལ་བའི”རིག་ལྡན་ལས་སྟེགས་ཧུར་ཐག་བཏོད་དེ་ཤེས་ལྡན་པ་དང་རིག་གཞུང་སྤེལ་རེས་ལ་སྐུལ་འདེད་བཏང་བ་མ་ཟད། ད་དུང་ཕྱོགས་གཉིས་པོའི་སྨན་བཅོས་བདེ་ཐང་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་འགྲོ་བར་སྐུལ་འདེད་ཀྱང་བཏང་བ་རེད།
འདི་ནི་སྐུ་མགྲོན་ཞིག་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་སྐབས་དྲུག་པའི་སྨན་བཅོས་ལུས་གསོའི་འགྲེམས་ཁུལ་དུ་ཀྲུང་ལུགས་གསོ་རིག་ཉམས་ལེན་བྱེད་བཞིན་པ།