དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ཀྱིས་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ངར་སྨན་འགོག་པའི་གྲ་སྒྲིག་ལས་དོན་ལ་བསྔགས་བརྗོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-09-28

    ཉེ་ཆར། ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ངར་སྨན་འགོག་རྒོལ་ཨུ་ཡོན་ལྷན་ཁང་གིས་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་སྨྱན་སྦྱོར་གཙོ་བོའི་ལྟེ་གནས་སུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ངར་སྨན་འགོག་པའི་གྲ་སྒྲིག་ལས་དོན་ལ་བསྔགས་བརྗོད་བྱས་པ་རེད།

    ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་སྨན་བཅོས་ཨུ་ཡོན་ལྷན་ཁང་དང་ངར་སྨན་འགོག་རྒོལ་ཨུ་ཡོན་ལྷན་ཁང་གི་བློ་འདྲི་བ་དང་མཚན་འཛིན་ཀྲུའུ་ཞི་གཅིག་ལྕོགས་མཱ་ཉི་ཁ་ཝ་ས་ཅ་མུའུ·ཅེ་ཅ་ཐེ་སང་གིས། སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ངར་སྨན་ཞིབ་བཤེར་བྱེད་སྟངས་དེ་འགྲན་བསྡུར་མ་བྱས་གོང་གི་ཞིབ་བཤེར་དང་འགྲན་བསྡུར་བྱེད་སྐབས་ཀྱི་ཞིབ་བཤེར་བྱེད་སྟངས་རིགས་གཉིས་སུ་དབྱེ་ཡོད། འགྲན་བསྡུར་མ་བྱས་གོང་། ཉེན་ཁའི་རྣམ་གྲངས་ལ་ཚོད་སྐོར་བྱས་པར་གཞིགས་ནས་ང་ཚོས་ལུས་རྩལ་པར་ཟུར་བཤེར་བྱེད་རྒྱུ་དང་། འགྲན་བསྡུར་བྱེད་སྐབས། ང་ཚོས་འཛམ་གླིང་གི་ཟིན་ཐོ་དང་ཨེ་ཤེ་ཡའི་ཟིན་ཐོ་གཏོད་མཁན་ལུས་རྩལ་པར་ཞིབ་བཤེར་བྱེད་སྲིད་ཅེས་ངོ་སྤྲོད་བྱས་པ་རེད།

    ཟླ་9ཚེས་20ནས་ཚེས་24ཉིན་བར། འཛམ་གླིང་ངར་སྨན་འགོག་རྒོལ་སྒྲིག་གཞིའི་ལག་བསྟར་ཨུ་ལྷན་གྱིས་2023ལོའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། ཐེངས་འདིའི་ཚོགས་འདུའི་ཐོག《2024ལོའི་སྤྱོད་མི་ཆོག་པའི་གསལ་ཐོར》གྲོས་འཆམ་བྱུང་བ་རེད། ཚེས་25ཉིན་གྱི་ཨེ་ཤེ་ཡའི་ཨོ་ལིམ་ཕིག་ལས་འཛིན་ལྷན་ཚོགས་ངར་སྨན་འགོག་རྒོལ་ཨུ་ལྷན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཅེ་ཅ་ཐེ་སང་གིས“ཨེ་ཤེ་ཡའི་ལས་འཛིན་ལྷན་ཚོགས་ཀྱི་ངོས་ནས་བརྗོད་ན། ང་ཚོས་འཛམ་གླིང་ངར་སྨན་འགོག་རྒོལ་སྒྲིག་གཞིའི་སྒྲིག་སྲོལ་དོན་འཁྱོལ་ཐུབ་པ་འགན་ལེན་བྱས་ནས་ང་ཚོའི་འགྲན་བསྡུར་རྒྱལ་སྤྱིའི་ཚད་གཞི་དང་མཐུན་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།