འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
འདི་ནི་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་ཤང་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོས་བང་བསྒྲིགས་ནས་རྩེད་མོ་རྩེ་བཞིན་པ།
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་རྨ་ཆུའི་ཆུ་འགོར་གནས་པ་དང་ཆ་སྙོམས་ས་བབ་སྨི་4500ལྷག་ཙམ་ཟིན་ཞིང་། དེ་གར་ས་རྒྱ་ཆེ་རུང་མི་འབོར་ཉུང་ཉུང་རེད། ཡུལ་དེའི་ཐག་རིང་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ད་ཕན་ལོ་ཤས་རིང་ཆུ་དམར་ལེབ་རྫོང་གིས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བརྒྱུད། འབྲོག་ཁུལ་གྱི་གྲོང་གསེབ་ཏུ་སློབ་ཞུགས་གོང་གི་སློབ་ཡོན་མི་དགོས་པའི་སློབ་གསོ་ཁྱབ་གདལ་བཏང་བ་དང་། ཚོགས་པ་ཅན་གྱིས་བུ་བཅོལ་ཁང་གཉེར་བའི་ལམ་སྲོལ་འཚོལ་ཞིབ་བྱས་ནས། “ལེགས་ཆ་གསབ་རེས་དང་། ཐོན་ཁུངས་མཉམ་སྤྱོད། ལེགས་པས་ཞན་པར་སྣེ་ཁྲིད། མཐུན་སྦྱོར་འཕེལ་རྒྱས”བཅས་ཀྱི་ཚོགས་པ་ཅན་གྱི་བུ་བཅོལ་ཁང་གཉེར་བའི་རྣམ་པ་བཏོད་དེ། ཐག་རིང་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།