ཡུས་ཧྭའི་དཔའ་བོའི་མཛད་རྗེས་དང་སྙིང་སྟོབས་གངས་ལྗོངས་ས་མཐོར་དར་སྤེལ་བཏང་བ།
ཚེས་26ཉིན་གྱི་སྔ་དྲོར། “དད་སེམས་ཀྱི་སྟོབས་ཤུགས —— ཡུས་ཧྭའི་དཔའ་བོའི་མཛད་རྗེས་དང་སྙིང་སྟོབས”ཞེས་པའི་སྐོར་འགྲེམས་ལྷ་སར་བྱས་པ་རེད། ད་ཐེངས་ཀྱི་སྐོར་འགྲེམས་དེ་ཟླ་བ་གཅིག་བྱ་རྒྱུ་ཡིན་པ་དང་། དེའི་རིང་ཡུས་ཧྭའི་དཔའ་བོའི་མཛད་རྗེས་སྒྲོག་འགྲེལ་ཚོགས་པས“སྒྲོག་འགྲེལ་དང་རིག་རྩལ་ཟུང་འབྲེལ”གྱི་རྣམ་པའི་ཐོག་ནས་དམག་སྒར་དང་། སྡེ་ཁུལ། སློབ་གྲྭ་བཅས་སུ་སྤྱི་ཚོགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་བསྐྱོད་དེ། ནན་ཅིང་དང་ལྷ་ས་ཡུལ་གཉིས་ཀྱི་གསར་བརྗེའི་རིག་གནས་སྤེལ་རེས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ནན་ཅིང་གྲོང་ཁྱེར་ཡུས་ཧྭ་ཐའེ་དཔའ་བོའི་བང་སོའི་སྐྱེད་ཚལ་དོ་དམ་ཅུས་སྒྲིག་གཤོམ་འགྲེམས་སྟོན་པུའི་པུའུ་ཀྲང་ཝུན་ཧུས་པིན་གྱིས། ད་ཐེངས་ཀྱི་འགྲེམས་སྟོན་གྱིས་ས་གནས་སྒྲོལ་བའི་མཉམ་འབྲེལ་འགྲེམས་གཉེར་གྱི་རྣམ་པ་གསར་པ་གཏོད་པ་དང“བརྗོད་དོན་གཙོ་བོ་དང་ཆེད་དོན་ཟུང་འབྲེལ་བྱེད་པའི”རྣམ་པ་སྤྱད་དེ་ཡུས་ཧྭའི་དཔའ་བོའི་མཛད་རྗེས་དང་སྙིང་སྟོབས་ཕྱོགས་ཡོངས་ནས་མངོན་པར་བྱས་ཁར། “གངས་ལྗོངས་ཀྱི་བརྩེ་བ། ཡུས་ཧྭའི་བླ་སྲོག”ཅེས་པའི་ཆེད་དོན་ལེའུ་དམིགས་སུ་བཟོས་ཏེ་དཔའ་བོའི་མཛད་རྗེས་ཁྲོད་ནས་དུས་རབས་གསར་པའི་རྒྱུན་འཛིན་འབད་འཐབ་ཀྱི་བསམ་པའི་སྒུལ་ཤུགས་འཕེལ་བ་དང་། མི་རིགས་ཁག་གིས་སྔོན་གཤེགས་དཔའ་བོའི་ཕུགས་རེ་རྒྱུན་འཛིན་བྱ་རྒྱུར་སྐུལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།