དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • 2023ལོའི“ཚན་རིག་ཁྱབ་གདལ་གྱི་བོད་སྐྱོར”བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-28

     ཉེ་ཆར། ཚན་རྩལ་པུས་གཙོ་གཉེར་བྱས་པ་དང་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་གཉེར་འགན་འཁུར་བའི་2023ལོའི“ཚན་རིག་ཁྱབ་གདལ་གྱི་བོད་སྐྱོར”བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དུ་གཉེར་བ་རེད།

    ད་ཐེངས་ཚན་རྩལ་པུས་འབྲེལ་ཡོད་པུའུ་ཨུད་དང་དེ་བཞིན་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་གི་ཚན་རྩལ་སྡེ་ཚན་དང་མཉམ་འབྲེལ་ཐོག་ལྷ་སར“ཚན་རིག་ཁྱབ་གདལ་གྱི་བོད་སྐྱོར”བྱེད་སྒོ་སྤེལ་བ་དེས་ལྷ་སའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚན་རིག་བྱང་ཚད་མགྱོགས་མྱུར་མཐོ་རུ་འགྲོ་རྒྱུ་མ་ཟད། ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལའང་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད།

    འབྲེལ་ཡོད་འགན་འཁུར་བས། ལྷ་ས་གྲོང་ཁྱེར་གྱིས་ད་ཐེངས་ཀྱི“ཚན་རིག་ཁྱབ་གདལ་གྱི་བོད་སྐྱོར”བྱེད་སྒོ་གོ་སྐབས་སུ་བྱས་ནས་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་དམིགས་ཚད་དུ་བྱས་ཏེ། གཞོན་ནུ་ལོ་ཆུང་དང་། ཞིང་འབྲོག་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི། དགོན་སྡེའི་གྲྭ་བཙུན། འགོ་ཁྲིད་ལས་བྱེད་པ་བཅས་མི་ཚོགས་རིགས་ལྔ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཚན་རིག་ཁྱབ་གདལ་གཏོང་བའི་བརྒྱུད་རིམ་རང་བཞིན་དང་། དམིགས་སའི་རང་བཞིན། ཕན་འབྲས་རང་བཞིན་བཅས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་སྟེ། ཚན་རིག་ལ་དགའ་ཞེན་དང་གསར་གཏོད་ལ་བརྩི་མཐོང་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

    འགོ་ཚུགས་མཛད་སྒོའི་ཐོག རྒྱལ་ཁབ་ཀྱི་པུའུ་ཨུད་ཁག་དང་དེ་བཞིན་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་ཚན་རྩལ་སྡེ་ཚན་གྱིས་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ་དང་སློབ་གྲྭར་ཚན་རིག་ཁྱབ་གདལ་གྱི་དངོས་ཟོག་དང་དེ་བཞིན་གྲོན་དངུལ་ཞལ་འདེབས་བརྒྱབ་པ་དང་། དེ་གར་ཡོད་པའི་མི་ཚོས་མཉམ་དུ་ཚན་རིག་ཁྱབ་གདལ་གྱི་ཚོད་ལྟ་དང་ཚན་རིག་ཁྱབ་གདལ་གྱི་རིག་རྩལ་འཁྲབ་སྟོན་ལ་བལྟས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།