དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་རྣམ་གྲངས་ཀྱིས་ཨེ་ཅིབ་ལ་ཕན་པ་ཆེན་པོ་ཐོབ་པ།

    ཨེ་ཅིབ་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཟུར་པ་ཤིས་ཧྥུའུ་ཉིར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཧྲེན་ཏན་ལིན། ཡའོ་པིང་།   |     སྤེལ་དུས།  2023-09-27

    ཉིན་ཤས་གོང་། ཨེ་ཅིབ་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཟུར་པ་ཨ་ལི·ཤིས་ཧྥུའུ་ཉི་ཡིས་ཁེ་རོར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཨེ་ཅིབ་དང་ཀྲུང་གོའི་འབྲེལ་བ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་རྣམ་གྲངས་དོན་འཁྱོལ་བྱས་པ་ལས་ཨེ་ཅིབ་ལ་ཕན་པ་ཆེན་པོ་ཐོབ་ཡོད་ཅེས་བརྗོད།

    ད་ལྟ་ཨེ་ཅིབ་ཀྱི་ཀྲུང་གོ་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་འཁུར་བཞིན་པའི་ཤིས་ཧྥུའུ་ཉི་ཡིས་གསར་འགོད་པར“རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཕྱོགས་གཉིས་པོའི་འབྲེལ་བར་གོ་བ་གཏིང་ཟབ་ལེན་པ་དང་དེ་བཞིན་ས་ཁུལ་གྱི་དུས་བབ་ལ་མིག་རྒྱང་རིང་པོའི་ལྟ་སྟངས་འཛིན་པ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་ཡོད”ཅེས་བརྗོད།

    ཤིས་ཧྥུའུ་ཉི་ནི་ཀྲུང་གོའི་གྲོགས་པོ་རྙིང་པ་ཡིན་ཞིང་། ཁོང་གིས་ཀྲུང་གོར་བཅའ་སྡོད་ཨེ་ཅིབ་ཀྱི་གཞུང་ཚབ་ཆེ་མོ་བའི་འགན་འཁུར་མྱོང་ཡོད་ལ། ཀྲུང་གོའི་ཞིང་ཆེན་20ལྷག་ཙམ་ལ་འཚམས་འདྲིར་ཡང་བསྐྱོད་མྱོང་ཡོད། ཁོང་གིས་འདས་ཟིན་པའི་ལོ་བཅུ་ཡི་ནང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་པ་མ་ཟད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལས་ཨེ་ཀྲུང་གི་འབྲེལ་བ་ཟབ་ཏུ་ཕྱིན་པའི་ངོས་འཛིན་ཡང་བྱེད་ཀྱི་ཡོད། ཁོང་གིས“ཀྲུང་གོ་ནི་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་དཔལ་འབྱོར་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ་གོ་ལ་ཧྲིལ་པོའི་ཚོང་དོན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་ཡིན། ད་དུང་ཚན་རྩལ་དང་མིས་བཟོས་རིག་ནུས་ཁྱབ་ཁོངས་སུ་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཐོབ་ཡོད། ཨེ་ཅིབ་ལའང་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད”ཅེས་བརྗོད།

    ཁོང་གིས། 2014ལོར་ཨེ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་ཚུན། རྒྱལ་ཁབ་གཉིས་པོས་ཕྱོགས་གང་ཅིའི་ཐད་ཀྱི་མཉམ་ལས་འཕེལ་རྒྱས་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད་ཅེས་བརྗོད་པ་དང་། ཁོང་གིས། ཨེ་ཅིབ་ཀྱིས“2030ལོའི་ཕུགས་འདུན”འཆར་འགོད་བྱེད་སྐབས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་མཐུན་པའི་ཆ་ཐོག་མཐའ་བར་གསུམ་དུ་འཚོལ་ཞིབ་བྱེད་ཀྱི་ཡོད། “ཨེ་ཅིབ་ཀྱིས་ཀྲུང་གོ་དང་མཉམ་དུ་གྲོས་འགོ་དེ་ཨེ་ཅིབ་ཀྱི་ས་གནས་ཁག་ཏུ་འཚོལ་ཞིབ་དང་དོན་འཁྱོལ་བྱེད་པའི་མཉམ་ལས་བྱེད་སྟངས་འཚོལ་གྱི་ཡོད”ཅེས་བརྗོད།

    “ལོ་བཅུ་ཕྲག་ཁ་ཤས་རིང་ཀྲུང་གོར་དཔལ་འབྱོར་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་མ་ཟད། ཨེ་ཅིབ་ཚུད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་ཡང་མང་པོ་བྱས་ཡོད། ཀྲུང་གོའི་དེང་རབས་ཅན་འཕེལ་རྒྱས་ཀྱི་ཉམས་མྱོང་ལས་ང་ཚོར་དངོས་འབྲེལ་ཕན་པ་ཐོབ་བྱུང”ཞེས་ཤིས་ཧྥུའུ་ཉི་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།