ཐའེ་ཡོན་ཐེན་ལུང་ཧྲན་རི་བོའི་བྲག་ཕུག་གི་གྲངས་འཛིན་སླར་གསོའི་རིག་དངོས་རྒྱལ་སྤྱིའི་སྐོར་སྐྱོད་འགྲེམས་སྟོན་ཨེ་ཅིབ་ཏུ་བྱས་པ།
འདི་ནི་མི་རྣམས་ཀྱིས་ཨེ་ཅིབ་ཀྱི་ཁེ་རོར་གཉེར་བའི་ཐའེ་ཡོན་ཐེན་ལུང་ཧྲན་རི་བོའི་བྲག་ཕུག་གི་གྲངས་འཛིན་སླར་གསོའི་རིག་དངོས་རྒྱལ་སྤྱིའི་སྐོར་སྐྱོད་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།
འདི་ནི་ལྟ་སྐོར་བ་ཞིག་གིས་ཨེ་ཅིབ་ཀྱི་ཁེ་རོར་གཉེར་བའི་ཐེན་ལུང་ཧྲན་རི་བོའི་བྲག་ཕུག་གི་གྲངས་འཛིན་སླར་གསོའི་རིག་དངོས་རྒྱལ་སྤྱིའི་སྐོར་སྐྱོད་འགྲེམས་སྟོན་གྱི་འགྲེམས་རྫས་ལ་པར་རྒྱག་བཞིན་པ།
འདི་ནི་ལྟ་སྐོར་བ་ཞིག་གིས་ཨེ་ཅིབ་ཀྱི་ཁེ་རོར་གཉེར་བའི་ཐེན་ལུང་ཧྲན་རི་བོའི་བྲག་ཕུག་གི་གྲངས་འཛིན་སླར་གསོའི་རིག་དངོས་རྒྱལ་སྤྱིའི་སྐོར་སྐྱོད་འགྲེམས་སྟོན་གྱི་འགྲེམས་རྫས་ལ་ལྟ་བཞིན་པ།
འདི་ནི་ལྟ་སྐོར་བ་ཞིག་གིས་ཨེ་ཅིབ་ཀྱི་ཁེ་རོར་གཉེར་བའི་ཐེན་ལུང་ཧྲན་རི་བོའི་བྲག་ཕུག་གི་གྲངས་འཛིན་སླར་གསོའི་རིག་དངོས་རྒྱལ་སྤྱིའི་སྐོར་སྐྱོད་འགྲེམས་སྟོན་གྱི་འགྲེམས་རྫས་ལ་ལྟ་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། ཐའེ་ཡོན་གྲོང་ཁྱེར་རིག་དངོས་ཅུས་དང་ཁེ་རོའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“ཡིད་དུ་འོང་བའི་ཐེན་ལུང་—ཐེན་ལུང་ཧྲན་རི་བོའི་བྲག་ཕུག་གི་གྲངས་འཛིན་སླར་གསོའི་རིག་དངོས་རྒྱལ་སྤྱིའི་སྐོར་སྐྱོད་འགྲེམས་སྟོན”ཁེ་རོའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་བྱས་པ་རེད།
ཨེ་ཅིབ་ཤེས་དཔལ་རྟེན་མཛོད་ཁང་གི་ཀོན་ཀྲང་གཞོན་པ་མའེ་སཱ་ལཱ·ཧོའུ་སའེ་དབྱིན་གྱིས་ཧ་ཅང་མཛེས་སྡུག་ལྡན་པའི་འགྲེམས་རྫས་དེ་དག་ཨེ་ཅིབ་ཏུ་འགྲེམས་སྟོན་བྱས་པ་དེ་ནི་ཨེ་ཅིབ་བས་ཀྲུང་གོའི་རིག་གནས་ཤེས་རྟོགས་ཟབ་མོ་བྱེད་པའི་གོ་སྐབས་རྩ་ཆེན་ཞིག་རེད། ཐེན་ལུང་ཧྲན་རི་བོའི་བྲག་ཕུག་གི་གྲངས་འཛིན་སླར་གསོའི་རིག་དངོས་ལས་ས་ཁམས་དང་། གནའ་ཤུལ། མི་ཆོས་རིག་གནས་བཅས་ཚང་མའི་ཁྱད་ཆོས་་མངོན་པ་དང་བཟོ་ལྟ་ཧ་ཅང་ལེགས་པོ་འདུག ཀྲུང་གོའི་དེང་རབས་ཀྱི་ལག་རྩལ་ལ་བརྟེན་ནས་ལོ་རྒྱུས་གནའ་ཤུལ་སླར་གསོ་དང་སྲུང་སྐྱོབ་ཀྱི་སྔོན་ཐོན་བྱེད་ཐབས་དེ་འཛམ་གླིང་ཡོངས་ལ་ཁྱབ་གདལ་གཏོང་རིན་འདུག་ཅེས་བཤད།
ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་ཀྲང་ཀྲའོ་དབྱང་གིས། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་ལས་ཀྲུང་ཕྱིའི་སྒྱུ་རྩལ་གྱི་སྤེལ་རེས་མཉམ་འདྲེས་ཀྱི་མཛེས་པ་སྔར་བས་ཇི་མ་ཇི་བཞིན་དང་མྱོང་ཚོར་ཐུབ་པའི་སྒོ་ནས་ཨེ་ཅིབ་ཀྱི་དམངས་ཚོགས་ལ་བསྟན་པས་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་ལོན་ཚད་དང་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་འགྲོ་རྒྱུ་རེད་ཅེས་བཤད།