ཅང་ཤིས་ཀན་ཀྲོའུ་རུ།
རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཉོ་ཚོང་གི་དངོས་མང་སྟོན་ཚོགས་འགོ་ཚུགས་པ།
ཉེ་ཆར། “སྤུས་རྟགས་ཕྱི་རྒྱལ་ཁྲོམ་རར་འདོན། ཚོང་ཟོག་འཛམ་གླིང་ཡོངས་ལ་ཁྱབ”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2023ལོའི་ཀྲུང་གོ·ཀན་ཀྲོའུ་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཉོ་ཚོང་གི་དངོས་མང་སྟོན་ཚོགས་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ནན་ཁང་ཆུས་སུ་འགོ་ཚུགས་ཤིང་། ཉེ་བའི་ལོ་ཤས་རིང་། ནན་ཁང་ཆུས་ཀྱིས་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ལས་རྣམ་གསར་པའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། ཀན་ཀྲོའུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་བརྟེན་ནས་ཟོག་འགྲེམས་བགྲོད་ལམ་ཤར་གཏོང་བྱས་ཁར། “འཛམ་གླིང་ནས་ཉོ་བ་དང་། འཛམ་གླིང་དུ་འཚོང་བའི”ཕྱོགས་གཉིས་ཀྱི་སྤེལ་རེས་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཞིང་། འདི་ནི་ཕྱི་རྒྱལ་གྱི་དྲ་ཐོག་མིང་ཅན་གྱིས་2023ལོའི་ཀྲུང་གོ·ཀན་ཀྲོའུ་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཉོ་ཚོང་གི་དངོས་མང་སྟོན་ཚོགས་ཀྱི་འགྲེམས་ཁང་དུ་ཐད་གཏོང་བྱེད་བཞིན་པ།