དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》

    (གནད་བསྡུས་ངོ་སྤྲོད)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-09-27

    《དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་ཕྱོགས་ལ་ཁྲིད་སྟོན་ཡག་པོ་བྱེད་དགོས》

    (2017ལོའི་ཟླ་1ཚེས་17ཉིན)

    《དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་ཕྱོགས་ལ་ཁྲིད་སྟོན་ཡག་པོ་བྱེད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་སུའེ་ཙེར་གྱི་ཏ་ཝོ་སིར་གཉེར་བའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་2017ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་བཞེད་དོན་གཙོ་བོའི་གསུང་བཤད་ཀྱི་ཆ་ཤས་ཤིག་རེད། རྩོམ་ཡིག་ཏུ་བསྟན་དོན། དཔལ་འབྱོར་གོ་ལ་ཅན་ལས་བྱུང་བའི་གོ་སྐབས་དང་འགྲན་སློང་གི་མདུན་དུ་ཡང་དག་པའི་གདམ་ག་ནི་གོ་སྐབས་མཐའ་དག་བེད་སྤྱོད་གང་ལེགས་དང་འགྲན་སློང་མཐའ་དག་ལ་མཉམ་དུ་ཁ་གཏད་བཅག་སྟེ་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་ཕྱོགས་ལ་ཁྲིད་སྟོན་ཡག་པོ་བྱེད་དགོས། རྩོམ་ཡིག་ཏུ་ནན་བཤད་གནང་དོན། འཛམ་གླིང་དཔལ་འབྱོར་རྒྱ་མཚོ་ཆེན་པོ་ལྟ་བུ་འདི་ཁྱེད་ལ་དགོས་ནའང་འདྲ། མི་དགོས་ནའང་འདྲ། གང་ལྟར་དེ་གར་ཡོད་པས་གཡོལ་ཐབས་མེད། འཛམ་གླིང་དཔལ་འབྱོར་གྱི་རྒྱ་མཚོ་ཆེན་པོ་དེ་གཅིག་པུར་གནས་པའི་མཚེའུ་ཆུང་ངུ་རེ་དང་ཆུ་རྒྱུན་ཆུང་ངུ་རེར་སྒྱུར་མི་སྲིད་ལ། ལོ་རྒྱུས་ཀྱི་རླབས་རྒྱུན་དང་ཡང་མི་མཐུན། སྲུང་སྐྱོང་རིང་ལུགས་ཀྱི་ལས་ཀ་སྒྲུབ་པ་ནི་རང་ཉིད་མུན་ནག་གི་ཁང་པར་བཅུག་པ་དང་མཚུངས། ལྟ་ཚོད་དུ་ཆར་རླུང་ལ་བྱོལ་བར་འདྲ་ནའང་ཉི་འོད་དང་མཁའ་རླུང་ཡང་དུས་གཅིག་ཏུ་བཀག་ཡོད། ཚོང་དོན་དམག་འཁྲུག་བརྒྱབ་པའི་མཇུག་འབྲས་ནི་ཕན་ཚུན་གཉིས་ཀ་ཕམ་རྒྱུ་ལས་མ་འདས།

    《མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས》

    (2017ལོའི་ཟླ་1ཚེས་18ཉིན)

    《མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝའི་སྤྱི་ཁྱབ་པུའུ་རུ་གནང་བའི་གསུང་བཤད་རེད། རྩོམ་ཡིག་ཏུ་བསྟན་དོན། འཛམ་གླིང་ལ་གནས་ཚུལ་ལྷག་ན། ང་ཚོས་ག་རེ་བྱེད་དགོས། འདི་ནི་འཛམ་གླིང་ཡོངས་ཀྱིས་བསམ་བློ་གཏོང་དགོས་པའི་གནད་དོན་ཞིག་རེད། ཀྲུང་གོའི་ཇུས་གཞི་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་ནས་གཉིས་ཁེ་མཉམ་སྤྱོད་མངོན་འགྱུར་བྱེད་དགོས་པ་དེ་རེད། སྐད་ཆ་ཤོད་རེས་དང་གྲོས་མོལ་མཐའ་འཁྱོངས་བྱས་ཏེ། ཡུན་རིང་ཞི་བདེའི་འཛམ་གླིང་ཞིག་སྐྲུན་པ་དང་། མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་བྱས་ཏེ་ཡོངས་ཁྱབ་བདེ་འཇགས་ཀྱི་འཛམ་གླིང་ཞིག་སྐྲུན་པ། མཉམ་ལས་གཉིས་ཁེ་མཐའ་འཁྱོངས་བྱས་ནས་ཐུན་མོང་དར་རྒྱས་ཀྱི་འཛམ་གླིང་ཞིག་སྐྲུན་པ། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྒོ་དབྱེ་ཁོང་ཡངས་ཀྱི་འཛམ་གླིང་ཞིག་སྐྲུན་པ། ལྗང་མདོག་ཐཱན་ཉུང་མཐའ་འཁྱོངས་བྱས་ཏེ་དྭངས་གཙང་དང་མཛེས་སྡུག་གི་འཛམ་གླིང་ཞིག་སྐྲུན་དགོས། རྩོམ་ཡིག་ཏུ་ནན་བཤད་གནང་དོན། འཛམ་གླིང་གི་ལས་དབང་ལ་རྒྱལ་ཁབ་ཁག་གིས་མཉམ་དུ་སྟངས་འཛིན་དང་རྒྱལ་སྤྱིའི་སྒྲིག་སྲོལ་རྒྱལ་ཁབ་ཁག་གིས་མཉམ་དུ་བཟོ་བ། གོ་ལ་ཧྲིལ་པོའི་ལས་དོན་རྒྱལ་ཁབ་ཁག་གིས་མཉམ་དུ་བཅོས་སྐྱོང་། འཕེལ་རྒྱས་ཀྱི་གྲུབ་འབྲས་རྒྱལ་ཁབ་ཁག་གིས་མཉམ་དུ་མཉམ་སྤྱོད་བཅས་བྱེད་དགོས།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།