དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་འབྲེལ་གཏུག”བྱས་ནས་མཐའ་མཚམས་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད་ཀྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷོ་ཁར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-27

    ཚེས་25ཉིན“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་འབྲེལ་གཏུག”བྱས་ནས་མཐའ་མཚམས་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད་ཀྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷོ་ཁར་འཚོགས་ཤིང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་རྡོ་རྗེ་ཚེ་སྒྲུབ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་འབྲེལ་གཏུག་བྱེད་པ”ནི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་བོད་སྐྱོར་གྱི་གཞི་རྟེན་གལ་ཆེན་ཞིག་རེད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མཐའ་སྲུང་སྲ་བརྟན་ལ་འདེགས་སྐྱོར་བཅས་ཀྱི་བྱ་ཐབས་ཏན་ཏིག་ཅིག་ཀྱང་རེད། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་ལས་ཀའི་ཁ་ཕྱོགས་གསལ་པོ་བཟོས་ནས། མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ལ་དམིགས་ཏེ་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་། ཐོན་ལས་ཀྱི་འདེགས་སྐྱོར་བྱེད་པ། ཤེས་ལྡན་མི་སྣ་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་འབྲེལ་གཏུག”བྱེད་རྒྱུ་སྟབས་བདེ་ཅན་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། གྲོང་ཁྱེར་དང་ས་ཁུལ་ཁག་གི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་མི་ཚང་མ་ཞུགས་རྒྱུ་མཐའ་འཁྱོངས་ཀྱིས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་ཁྲོད་ཀྱི་ཁེ་ལས་པ་དང་ཐད་གཏོགས་ཚོང་ཚོགས་མཐུན་ཚོགས་ཁག་གིས་མིག་དཔེ་ཡག་པོ་འདོན་པ་དང་། ལས་ཀའི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལྗོངས་ཡོངས་ཀྱི“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་དམིགས་ཚད་མངོན་འགྱུར་ཡོང་བར་རམ་འདེགས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།