དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་སའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-27

     ཉེ་ཆར། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བས་རུ་སྣེ་འཁྲིད་པ་དང་། ལྗོངས་སྲིད་གྲོས་རིག་གནས་སྒྱུ་རྩལ་ལས་རིགས་དང་། གསར་འགྱུར་དཔེ་སྐྲུན། སྤྱི་ཚོགས་ཚན་རིག་ལས་རིགས་བཅས་ཀྱི་ཨུ་ཡོན་དང་དེ་བཞིན་ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་འབྲེལ་ཡོད་བློ་མཐུན་ཁག་གཅིག་ཞུགས་པའི་བརྟག་ཞིབ་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་དང་དེ་བཞིན་མཐའ་འཁོར་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཚན་པར་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་བརྟག་ཞིབ་ལས་དོན་སྤེལ་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་སྔ་རྗེས་སུ་འུན་ཤིང་ཀོང་ཇོའི་དངོས་ལྗོངས་ཟློས་གར་འཁྲབ་སྟོན་བྱ་ཡུལ་དང་། འགྲོ་ཕན་གླིང་རིག་གནས་ཚད་ཡོད་ཀུང་སི། དམངས་སྲོལ་གནས་ཚང་། རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས། ཚ་ཚ་རིག་གནས་འགྲེམས་སྟོན་ཁང་སོགས་རིག་གནས་ཡུལ་སྐོར་ཐོན་ལས་ཚན་པ་དང་། དག་པ་རྫ་ཆས། སྣང་ཙེ་སྲོལ་རྒྱུན་འཚེམ་དྲུབ། རྫོང་མོ་ཤར་སྲོལ་རྒྱུན་སྒྱུ་རྩལ་ཐོན་རྫས་སོགས་སྲོལ་རྒྱུན་བཟོ་རྩལ་མཉམ་ལས་ཁང་ལ་འཚམས་འདྲི་བྱས་པ་རེད། ས་གནས་ས་ཐོག་ཏུ་རྟོག་ཞིབ་དང་། ས་གནས་ས་ཐོག་ཏུ་འདྲི་རྩད། བསམ་འཆར་ཉན་པ་སོགས་ཀྱི་བྱ་ཐབས་བརྒྱུད་ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་མཉམ་འདྲེས་ཐོན་ལས་གཉེར་སྐྱོང་གི་ད་ཡོད་གནས་ཚུལ་དང་། ཡུལ་སྐོར་ཐོན་རྫས་གསར་སྤེལ་དང་བྲིན་ཚོང་། རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་གཏོང་གིས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་རགས་ཙམ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།