དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་ས་མཐོ་ཡང་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་བོད་ལྗོངས་སློབ་ཆེན་དུ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-27

     ཉེ་ཆར། བོད་ལྗོངས་ས་མཐོ་ཡང་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་བོད་ལྗོངས་སློབ་ཆེན་རྔ་ཆེན་སློབ་ཁུལ་དུ་གཉེར་བ་རེད། གླེང་སྟེགས་དེ་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་དང་བོད་ལྗོངས་སློབ་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད།

    གླེང་སྟེགས་ཐོག་པེ་ཅིང་སློབ་ཆེན་དང་། ཧྲའན་ཤིས་དགེ་འོས་སློབ་ཆེན། ཁྲུང་ཆིང་རིག་གནས་དང་རང་བྱུང་ཚན་རིག་སློབ་གླིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང) བོད་ལྗོངས་སློབ་ཆེན། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་སོགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ས་མཐོ་ཡང་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བོད་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྐོར་ལ་བགྲོ་གླེང་དང་ཐབས་འདོན་ཇུས་འབུལ་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གླེང་སྟེགས་དེས་ད་དུང་བོད་ལྗོངས་ས་མཐོ་ཡང་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡན་ལག་གླེང་སྟེགས་དང་བོད་ལྗོངས་ས་མཐོ་ཡང་མཐོའི་ལས་རིགས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡན་ལག་གླེང་སྟེགས་གཉེར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།