དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “མི་རིགས་ཁག་གི་ན་གཞོན་གསར་འགོད་པས་ནང་སོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྟ་བའི”བྱེད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-27

    ཉེ་ཆར་ནང་སོག་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་དང་ནང་སོག་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“མི་རིགས་ཁག་གི་ན་གཞོན་གསར་འགོད་པས་ནང་སོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྟ་བའི”བྱེད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སྨྱན་སྦྱོར་གྱི་ན་གཞོན་གསར་འགོད་པ་40ལྷག་ཙམ་གྱིས་དུས་ཡུན་ཉིན་5ཡི་རིང་ལམ་ཐག་སྤྱི་ལེ་ཆིག་སྟོང་ཙམ་བསྐྱོད་དེ་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དང་། པའོ་ཐོའུ་གྲོང་ཁྱེར། ཨེར་ཏུའོ་སི་གྲོང་ཁྱེར་བཅས་སུ་བཅར་འདྲི་དང་གསར་འགྱུར་འཕྲིན་སྤེལ་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་ན་གཞོན་གསར་འགོད་པ་ཚོས་ས་གནས་ཁག་གིས་ནང་སོག་གི་ཁྱད་ལྡན་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་གྱི་རིམ་སྤོར་དཔེ་དབྱིབས་གཏོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། སོག་པོའི་རྟའི་སྙིང་སྟོབས་དང“བྱང་གསུམ་གྱི་སྙིང་སྟོབས”དར་སྤེལ་གཏོང་བ།“ཤིན་ཅང་བྱང་རྒྱུད་ཀྱི་རིག་གནས”སྤུས་རྟགས་གཏོད་པ། གྲོང་གསེབ་དར་རྒྱས་དང་མཐའ་དར་དམངས་ཕྱུག་གི་ལས་དོན་ལ་སྐུལ་འདེད་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ཕྱོགས་མང་པོ་དང་རིམ་པ་ཟབ་པའི་བཅར་འདྲི་བྱས་ཏེ་ནང་སོག་གི་འཕེལ་རྒྱས་གྲུབ་འབྲས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།