དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟངས་རི་རྫོང་གི“འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཝུའེ་ཏེར་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིར”བདེན་དཔང་ར་སྤྲོད་བདེ་བླག་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-27

    ཚེས་23ཉིན། འཛམ་གླིང་ཟིན་ཐོའི་བདེན་དཔང་ར་སྤྲོད(WRCA)གཞུང་ཕྱོགས་མི་སྣས་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ལ“འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཝུའེ་ཏེར་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིར”བདེན་དཔང་ར་སྤྲོད་བྱུང་བ་རེད།

    ཟངས་རི་རྫོང་ལ་ཐུན་མོང་མ་ཡིན་པའི་ས་ཁམས་ཆ་རྐྱེན་དང་གནམ་གཤིས་ཁོར་ཡུག་ཡོད་པས་རྒུན་འབྲུམ་འདེབས་འཛུགས་བྱ་ཡུལ་ཡག་ཤོས་ཤིག་ཏུ་གྱུར་ཡོད། དེ་ཁུལ་གྱི་ས་བབ་མཐོ་ཚད་སྨི་3700ལྷག་ཙམ་ཟིན་ཞིང་། གནམ་གཤིས་བསིལ་ལ་སྐམ་ཤས་ཆེ་བ་དང་། ཉི་འོད་འཕྲོ་ཤུགས་ཆེ་བ། ས་རྒྱུ་གཤིན་པ་བཅས་ཡོད། རྫོང་དེས་རྒུན་འབྲུམ་འདེབས་འཛུགས་ཞིབ་འཇུག་དང་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་གཞོལ་ནས། སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་ནང་འདྲེན་དང་སྤུས་ལེགས་ཀྱི་ས་བོན་འདེབས་གསོ་བྱས་པ་བརྒྱུད། གཞི་ཁྱོན་ཆེ་བའི་རྒུན་འབྲུམ་ཐོན་ལས་རིམ་བཞིན་གྲུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།