དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་ནས་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ཚད་ལྡན་དུ་གཏོང་བ།

    ལྷ་ས་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་གཉིས་ཟླ་11ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-27

     ཚེས་25ཉིན་ལྷ་ས་གྲོང་ཁྱེར་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》དང་གསར་དུ་བཟོས་པའི《ལྷ་ས་གྲོང་ཁྱེར་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་སྲོལ་ཡིག》གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་གཉིས་2023ལོའི་ཟླ་11ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟ་ལག་བསྟར་བྱེད་བཞིན་པའི《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》དེ་2012ལོར་ཡོངས་བསྒྲགས་ལག་བསྟར་བྱས་པ་དང་ལག་ལེན་བསྟར་ནས་ལོ་11སོང་རིང་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། “ལྷ་ས་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་གདོང་དམག་ཡག་པོ་ཞིག་བྱེད་དགོས་པའི”སྐོར་གྱི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན། ལྷ་ས་གྲོང་ཨུད་ཀྱི་ཞིབ་ཕྲའི་བཀོད་སྒྲིག་བཅས་སྔར་བས་ལག་བསྟར་དོན་འཁྱོལ་བྱ་ཆེད་དང་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་ལེགས་སུ་གཏོང་ཆེད། ད་ལྟ་སྤྱོད་བཞིན་པའི《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》བཟོ་བཅོས་རྒྱག་རྒྱུ་དགོས་གལ་ཆེན་པོ་ཡོད། བཟོ་བཅོས་བརྒྱབ་རྗེས་ཀྱི《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》ལ་ཁྱོན་དོན་ཚན་28བཀོད་སྒྲིག་བྱས་པ་དང་། ལེའུ་དང་ས་བཅད་དབྱེ་མེད་པ་དང་། ཞིབ་ཕྲའི་ནང་དོན་ནང་། སྲོལ་ཡིག་བཟོ་བའི་དམིགས་ཡུལ་དང་། སྲོལ་ཡིག་སྤྱོད་ཁོངས། སྡེ་ཚན་གྱི་འགན་འཁྲི་བཅས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཀྱི་ལག་བསྟར་དང་དེ་བཞིན་བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་ཚུད་ཡོད།

    གསར་འགོད་པས་ད་དུང་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“དྲ་གཅིག་སྤྱི་འདོམས་དང་། གཞི་གཅིག་མཉམ་འགུལ། གཅིག་འཐུས་ཞབས་ཞུ”བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་དང་ལག་བསྟར་བྱས་ནས་གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་རྣམ་པ་གསར་གཏོད་བྱས་ཏེ་དྲ་མིག་ཅན་གྱི་སྤྱི་ཚོགས་བཅོས་སྐྱོང་གིས་གྲོང་ཁྱེར་ལ་དོ་དམ་ཞིབ་ཚགས་དང་། དམངས་འཚོ་འགན་ལེན། སྤྱི་པའི་ཞབས་ཞུ། ཤེས་དཔལ་སྲོལ་གཏོད། གཞི་རིམ་གྱི་ཏང་འཛུགས་སྐྱོང་སོགས་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་མོད། འོན་ཀྱང་ད་དུང་དྲ་མིག་དབྱེ་འབྱེད་ཚད་ལྡན་མེད་པ་དང་། དྲ་མིག་གི་འགན་ནུས་དབྱེ་མཚམས་གསལ་པོ་མེད་པ། དྲ་མིག་དོ་དམ་མི་སྣའི་དཔུང་ཁག་གི་སྟོབས་ཤུགས་མི་འདང་བ། འགན་ལེན་བྱེད་ཐབས་གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན་ཡོད་པས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཏོན་ནས་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ལས་དོན་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་དང་ལམ་ལུགས་ཀྱི་འགན་ལེན་བྱས་ནས་གྲོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་བར་མགྱོགས་མྱུར་སྐུལ་འདེད་གཏོང་བར་དགོས་གལ་ཆེན་པོ་ཡོད་པ་རེད། གསར་དུ་བཟོས་པའི《ལྷ་ས་གྲོང་ཁྱེར་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་སྲོལ་ཡིག》ནི་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ཐད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་ཡིན་པ་དང་། དོན་ཚན་ཉེར་དགུ་བཀོད་སྒྲིག་བྱས་པ་དང་ལེའུ་དང་ས་བཅད་དབྱེ་མེད་པར་གཙོ་བོ་སྲོལ་ཡིག་བཟོ་བའི་དམིགས་ཡུལ་དང་། སྲོལ་ཡིག་སྤྱོད་ཁོངས། དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ལ་བརྩི་སྲུང་ཞུ་བའི་རྩ་དོན། དྲ་མིག་གི་ཐ་སྙད། དྲ་མིག་གི་དབྱེ་འབྱེད། དྲ་མིག་དོ་དམ་པ་བཀོད་སྒྲིག་དང་དེའི་ཐོབ་ཐང་། དྲ་མིག་དོ་དམ་པའི་འགན་འཁྲི། དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་དོན་ཚན་དང་ཆ་འཕྲིན་ཅན། འགན་ལེན་བྱེད་ཐབས་སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད། དེའི་ནང་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ཁྲོད་ཀྱི་རིམ་ཁག་སྲིད་གཞུང་དང་དེ་བཞིན་དེའི་སྡེ་ཚན་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ་སོགས་རྩ་འཛུགས་དང་སྒྲིག་གཞིའི་འགན་འཁྲི་དང་འོས་འགན་ཁ་གསལ་བཟོས་པ་དང་། དྲ་མིག་དབྱེ་འབྱེད་ལེགས་སྒྲིག་བྱེད་སྐབས་རྫོང(ཆུས)དྲ་མིག་ཅན་གྱི་ལས་དོན་སྒྲིག་གཞིའི་ཆོག་མཆན་ཐོབ་དགོས་པའི་གཏན་འཁེལ་བྱས་པ་དང་། གྲོང་ཁྱེར་དྲ་མིག་ཅན་གྱི་ལས་དོན་སྒྲིག་གཞིར་ཐོ་འགོད་སྙན་སེང་ཞུས་ནས་གོ་རིམ་མེད་པའི་ངང་དྲ་མིག་ལེགས་སྒྲིག་བྱེད་པའི་གནད་དོན་མི་ཐོན་པ་བྱེད་པ་དང་འབྲེལ་ལྷ་ས་གྲོང་ཁྱེར་གྱི་གཉིས་ལྡན་དུད་སྦྲེལ་ལས་དོན་གྱི་བྱ་ཐབས་དེ་ཁྲིམས་འཛུགས་ལ་བརྟེན་ནས་བརྟན་དུ་བཏང་སྟེ་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ནུས་ཤུགས་ཡོད་རྒུས་སྒྲོལ་ཐུབ་པ་བྱས་ནས་དྲ་མིག་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་དང་གནད་སྨིན་ཅན་གྱི་ཞབས་ཞུ་ལེགས་སུ་གཏོང་བར་བཅའ་ཁྲིམས་ཀྱི་བརྩི་སྲུང་དང་ལམ་ལུགས་ཀྱི་འགན་ལེན་བྱེད་དགོས།

    ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དྲུང་ཆེའི་འོས་མི་ཧོའུ་ཅིང་ཧྭ་ཡིས“སྲིད་འཛིན་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བར་ཁྲིམས་སྐྱོང་གི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཁྲིམས་སྐྱོང་གི་སྲུང་སྐྱོང་དང་ཁ་འབྲལ་ཐབས་མེད། མི་སེར་གྱི་བདེ་རྩ་ཁྲིམས་སྐྱོང་གི་འགན་ལེན་དང་ཁ་འབྲལ་ཐབས་མེད། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་སྒྱུར་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྒྱུར་ནན་པོ་དང་དམངས་ཡོངས་ཀྱིས་ཁྲིམས་སྲུང་ལ་སྐུལ་འདེད་བཏང་ནས་སྲོལ་ཡིག་གཉིས་ཀྱི་གཏན་འབེབས་དོན་ཐོག་ཏུ་འཁྱོལ་བ་བྱེད་ཀྱི་ཡིན”ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།