དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་སོན་ལས་དར་རྒྱས་གཏོང་བའི“བྱ་སྤྱོད་ཆེ་གྲས་ལྔར”མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-26

    ཤིན་ཧྭ་གསར་འགྱུར་ཁང་ཧོ་ཧྥེ་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། སོན་ལས་དར་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། རང་རྒྱལ་གྱིས་ཕུལ་བྱུང་སོན་རྒྱུའི་ཐོན་ཁུངས་སྔོག་འདོན་བྱེད་པ་དང་། སོན་ལས་གསར་གཏོད་འགག་སྒྲོལ་བྱེད་པ། རྒྱལ་ཁབ་ཀྱི་སོན་ལས་རྣམ་པའི་ཁེ་ལས་སྟོབས་ཆེར་གཏོང་བ། སོན་ལས་རྟེན་གཞིའི་ནུས་པ་ཆེ་རུ་གཏོང་བ། ཤེས་བྱའི་བདག་དབང་སྲུང་སྐྱོང་བཅས་ཀྱི“བྱ་སྤྱོད་ཆེ་གྲས་ལྔ”ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    འདི་ནི་གསར་འགོད་པས་ཚེས་24ཉིན་ཨན་ཧུའེ་ཧོ་ཧྥེར་འཚོགས་པའི་སྐབས་བཅོ་ལྔ་པའི་ཀྲུང་གོ་རྒྱལ་སྤྱིའི་སོན་ལས་དངོས་མང་སྟོན་ཚོགས་དང་སྐབས་ཉི་ཤུ་པའི་རྒྱལ་ཡོངས་ཀྱི་ས་བོན་ཆ་འཕྲིན་སྤེལ་རེས་དང་ཐོན་རྫས་ཚོང་འདུས་ཐོག་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཞིག་རེད།

    ཞིང་ལས་དང་གྲོང་གསེབ་པུའི་སྤྱི་ཁྱབ་ཞིང་ལས་ལག་རྩལ་པ་ཙེང་ཡན་ཏེ་ཡིས། མིག་སྔར་སོན་ལས་དར་རྒྱས་གཏོང་བར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ་དང་དུས་ཡུན་ལོ་གསུམ་གྱི་རྒྱལ་ཡོངས་ཀྱི་ཞིང་ལས་ཀྱི་སོན་རྒྱུའི་ཐོན་ཁུངས་ཡོངས་བཤེར་མཇུག་འགྲིལ་ཉེར་ཡོད། གོམ་སྟབས་རྗེས་མར་ཞིང་ལས་དང་གྲོང་གསེབ་པུས“བྱ་སྤྱོད་ཆེ་གྲས་ལྔར”མགྱོགས་མྱུར་སྐུལ་འདེད་བཏང་ནས། སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལ་སླར་ཡང་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཁག་གཅིག་ཐོབ་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད་ཅེས་བརྗོད།

    ཕུལ་བྱུང་གི་སོན་རྒྱུའི་ཐོན་ཁུངས་སྔོག་འདོན་བྱེད་པའི་ཐད་རྒྱལ་ཁབ་མཛོད(ལྡུམ་ར)ཀྱི་སོན་རྒྱུའི་ཐོན་ཁུངས་གནད་སྨིན་ཆོད་སྡོམ་ཕྱོགས་ཡོངས་ནས་བྱེད་པ་དང་། ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་ཐོ་འགོད་བྱེད་པ། བེད་སྤྱོད་ཆོག་པའི་ཞིང་ལས་ཀྱི་སོན་རྒྱུའི་ཐོན་ཁུངས་དཀར་ཆག་ཡོངས་བསྒྲགས་བཅས་བྱས་ནས་སོན་གསོའི་གསར་གཏོད་ཐོན་ཁུངས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་རེད།

    སོན་ལས་གསར་གཏོད་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ཐད་གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་རྒྱུ་ཁ་ཕྱོགས་སུ་བྱས་ནས། རིམ་པ་མང་བའི་སོན་གསོའི་གསར་གཏོད་ཀྱི་མཉམ་འབྲེལ་འགག་སྒྲོལ་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་སྣུམ་མཐོ་ཐོན་མཐོའི་སྲན་ཆེན་དང་། སྐྱེ་འཚར་ཐུང་བའི་པད་ཁ། བུལ་འགོག་སྐྱེ་དངོས་སོགས་ལ་འཕྲལ་མཁོ་ཆེ་བའི་ཚད་བརྒལ་རང་བཞིན་གྱི་སོན་རྒྱུ་ཁག་གཅིག་མགྱོགས་མྱུར་འདེམས་གསོ་བྱ་རྒྱུ་རེད།

    རྒྱལ་ཁབ་ཀྱི་སོན་ལས་རྣམ་པའི་ཁེ་ལས་སྟོབས་ཆེར་གཏོང་བའི་ཐད་ལེགས་ལྡན་ཁེ་ལས་འཕེལ་རྒྱས་ལ་གནད་སྨིན་རོགས་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། “གཅིག་གཏད་གཅིག”གི་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ། གནམ་ཐང་གྲུ་གཟིངས་རྣམ་པའི་སྣེ་འདྲེན་ཁེ་ལས་དང་།“མངོན་མེད་ཨང་དང་པོ་ལེན་མཁན”ཁེ་ལས། ཆེད་ལས་ཅན་གྱི་ལས་སྟེགས་ཁེ་ལས་བཅས་ཁག་གཅིག་མགྱོགས་མྱུར་སྐྱེད་སྲིང་བྱ་རྒྱུ་རེད།

    སོན་ལས་རྟེན་གཞིའི་ནུས་པ་ཆེ་རུ་གཏོང་བའི་ཐད་ནན་ཧྥན་གྱི་སྭེལ་རོང་དང་། ཀན་སུའུ་ཡི་མ་རྨོས་ལོ་ཏོག སི་ཁྲོན་གྱི་ཆུ་འབྲས། ཧེ་ལུང་ཅང་གི་སྲན་ཆེན། པེ་ཅིང་གི་སྒོ་ཕྱུགས་དང་ཁྱིམ་བྱ་སོགས་འདེབས་གསོའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། 2025ལོར་སླེབས་སྐབས་རྒྱལ་ཁབ་རིམ་པའི་སོན་ལས་རྟེན་གཞིས་ས་བོན་མཁོ་འདོན་འགན་ལེན་བྱེད་ཚད་80%ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད།

    ཤེས་བྱའི་བདག་དབང་སྲུང་སྐྱོང་ཐད་སོན་རིགས་ཐོབ་ཐང་ལག་ཁྱེར་དོ་དམ་ལག་ལེན་བསྟར་ནས་རྒྱུན་འཁོར་ཧྲིལ་པོ་དང་བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་ལམ་སྲོལ་བཙུགས་ཏེ། རྫུན་ལྷད་ཞན་གསུམ་དང་ཚོང་རྟགས་རྫུས་མའི་དབང་ཆར་བཙན་གནོད་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས། སོན་ལས་ཁྲོམ་རའི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི“ཚོང་འདུས་གཉིས”ཀྱིས“འབྲུ་རིགས་བརྟན་པོ་དང་། མཁོ་སྤྲོད་འགན་ལེན། རྨང་གཞི་བརྟན་གཏོང་། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ནས་དར་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། རྒྱལ་ཡོངས་ཀྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་དང་། ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་ཚོང་དོན་སྐུལ་སྤེལ་ལྟེ་གནས། ཀྲུང་གོའི་ས་བོན་མཐུན་ཚོགས། ཨན་ཧུའེ་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་། ཧོ་ཧྥེ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།