ཙའུ་ཅ་ཆི་དང་ཆིའུ་ཤིའུ་ཕིང་།
ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་པོ་ཐོབ་པ།
ཟླ་9ཚེས་24ཉིན། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་ཡང་བའི་རིམ་པའི་འགྲན་བྱེད་གྲུ་ཆུང་གི་མི་གཉིས་སྐྱ་གཉིས་ཀྱི་མཐའ་བསྡུར་ཁྲོད་ཀྲུང་གོའི་མཉམ་སྡེབ་ཙའུ་ཅ་ཆི་དང་ཆིའུ་ཤིའུ་ཕིང་གིས་སྐར་མ་7དང་སྐར་ཆ་06དང་གྲངས་ཆུང་78ཀྱི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་ནས་སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་རག་ཅིང་། འདི་ནི་ཙའུ་ཅ་ཆི(གཡོན)དང་ཆིའུ་ཤིའུ་ཕིང་གིས་ཨང་དང་པོ་བླངས་རྗེས་རྟེན་འབྲེལ་ཞུ་བཞིན་པ།