དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་ཚོང་ལས་གསར་སྤེལ་བྱས་པའི་རྡོ་གཡམ་རླངས་ཞིང་ཆེ་གྲས་ཐོག་མའི་སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-09-26

     ཉིན་ཤས་གོང་གསར་འགོད་པར་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཧྥུའུ་ལིང་རྡོ་གཡམ་རླངས་ཞིང་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས་ཚོང་ལས་གསར་སྤེལ་བྱས་པའི་རྡོ་གཡམ་རླངས་ཞིང་ཆེ་གྲས་ཐོག་མ་ཡིན་པའི་ངོས་ནས། རིམ་རྩིས་བྱས་ན་རླངས་ཞིང་དེའི་སོལ་རླངས་ཐོན་ཚད་ཉིན་ཤས་གོང་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600ལྷག་ཙམ་ཟིན་ཡོད།

    ཧྥུའུ་ལིང་རྡོ་གཡམ་རླངས་ཞིང་ནི་ཁྲུང་ཆིང་གྲོང་ཁྱེར་གྱི་ཧྥུའུ་ལིང་དང་། ནན་ཁྲོན། ཝུའུ་ལུང་། ཀྲུང་ཤན། ལེང་ཕིང་། ཧྥུང་ཏུའུ་སོགས་ཆུས་དང་རྫོང་གི་ཁོངས་སུ་ཁྱབ་པ་དེ་2012ལོའི་ཟླ་12པར་སྐྲུན་འགོ་ཚུགས་པ་དང་། 2014ལོའི་ཟླ་3པར་ཚོང་ལས་གསར་སྤེལ་ལ་སྤྱད་པ་དང་། ཁྲོན་རླངས་ཤར་འདྲེན་མདོང་ལམ་གྱི་སོལ་རླངས་ཡོང་ཁུངས་གལ་ཆེན་གྱི་གྲས་ཤིག་རེད། མིག་སྔའི་བར་རླངས་ཞིང་གིས་རིམ་རྩིས་བྱས་ན་གསོག་འབོར་རྩད་ཆོད་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་9000ཙམ་ཟིན་པ་དང་ཉིན་རེར་རྡོ་གཡམ་སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་2300ཙམ་ཟིན་ཡོད།

    རླངས་ཞིང་གསར་སྤེལ་འཛུགས་སྐྲུན་བྱས་ཚུན་རྡོ་གཡམ་སོལ་རླངས་ཀྱི་ས་གཤིས་ཀྱི་ཕྱོགས་བསྡུས་གདེང་འཇོག་དང་། གསར་སྤེལ་འཆར་འགོད་དང་ལེགས་གཏོང་། ལྗང་མདོག་གསར་སྤེལ་སོགས་རྡོ་གཡམ་སོལ་རླངས་ཀྱི་ཕན་ཆེའི་གསར་སྤེལ་གྱི་ལྟེ་བའི་ལག་རྩལ་ཆེ་གྲས་དྲུག་ཆགས་པ་མ་ཟད། ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ལེགས་ཆའང་འདོན་སྤེལ་གང་ལེགས་ཐུབ་ནས། འགག་རྩའི་སྒྲིག་ཆས་ཚང་མར་རང་རྒྱལ་ནས་ཐོན་སྐྱེད་བྱས་པ་རེད།

    ཧྥུའུ་ལིང་རྡོ་གཡམ་རླངས་ཞིང་གིས་རྡོ་གཡམ་སོལ་རླངས་རྩད་གཅོད་གསར་སྤེལ་དང་། ལག་རྩལ་སྒྲིག་ཆས། ཚད་གཞི་ལུགས་མཐུན། ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་སོགས་ཐད་བསྐྱར་ཟློས་ཆོག་པ་དང་ཁྱབ་གདལ་ཆོག་པའི་ཉམས་མྱོང་མཁོ་འདོན་བྱས་ནས། རང་རྒྱལ་གྱི་རྡོ་གཡམ་སོལ་རླངས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་གྲོང་ཁྱེར་70ལྷག་ཙམ་ལ་ལྗང་མདོག་གི་ནུས་རྒྱུ་གཙང་མ་མཁོ་འདོན་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།