ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་ཀྲུང་གོའི་ཚད་ལྡན་ལྕགས་ལམ་ཐོག་མ་ཨ་གཱ་ལྕགས་ལམ།
སྤྱིའི་རིང་ཚད་ལ་སྤྱི་ལེ་186.5ཡོད་པའི་ཨ་པུ་ཅ་ནས་གཱ་ཏུའུ་ནཱ་བར་གྱི་ལྕགས་ལམ(ཨ་གཱ་ལྕགས་ལམ)2016ལོའི་ཟླ་7ཚེས་26ཉིན་དངོས་སུ་ཤར་གཏོང་ཐུབ་པ་ཞིག་རེད། གཉེར་སྐྱོང་བྱེད་འགོ་ཚུགས་ནས་ལོ་7སོང་རིང་། འགྲུལ་པ་མི་ཐེངས་ཁྲི་657ཙམ་བདེ་འཇགས་ངང་སྐྱེལ་འདྲེན་བྱས་པ་དང་། གྲོང་ཁྱེར་གཱ་ཏུའུ་ནཱ་རྒྱལ་སའི་འཕེལ་རྒྱས་གཏོང་ཁོངས་སུ་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་སྦྲགས། ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཆེན་པོ་ཡང་བྱས་ཡོད། འདི་ནི་ནི་ཀྲེ་རི་ཡའི་རྒྱལ་ས་ཨ་པུ་ཅ་ནས་པར་བླངས་པའི་ཨ་གཱ་ལྕགས་ལམ་གྱི་འགོ་འཛུགས་བབས་ཚུགས་དབྱི་ཏུའུ་མེ་འཁོར་བབས་ཚུགས་ཡིན་པ།