དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ལ་བརྟེན་ནས་བྱུང་བའི་དེང་རབས་ཅན་ཞིག་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྐང་པར་ལྷམ་བདེ་པོ་ཡོད་མེད་ལྷམ་གྱོན་མཁན་གྱིས་མ་གཏོགས་མི་ཤེས”ཞེས་གསུངས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དུས་ཡུན་རིང་པོར་ལག་ལེན་ཁྲོད་འཚོལ་ཞིབ་བྱས་ཏེ་རང་ཉིད་ལ་བརྟེན་ནས་བྱུང་བའི་དེང་རབས་ཅན་ཡིན། ང་ཚོས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མ་རྩ་རིང་ལུགས་དེང་རབས་ཅན་གྱི་ལམ་རྙིང་པར་བསྐྱོད་མེད། མ་རྩ་རིང་ལུགས་དེང་རབས་ཅན་ང་ཚོའི་ངོས་ནས་བརྗོད་ན་ལག་བསྟར་བྱེད་མི་ཐུབ་པ་ཞིག་རེད། འཛམ་གླིང་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གཅིག་གིས་མ་རྩ་རིང་ལུགས་དེང་རབས་ཅན་ལ་ལད་མོ་བྱས་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་བསམས་ཀྱང་། མཐར་ཕམ་ཉེས་སུ་གྱུར་ཁར་དེ་བས་ཡིད་སྐྱོ་བ་ཞིག་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཉུང་ཤས་ཀྱི་བཙན་དབང་མ་ལག་ཁྲོད་ཀྱི་ཟུར་གཏོགས་ལྟ་བུར་གྱུར་ཡོད། ཁོང་ཚོས་རང་སོ་སོའི་རྒྱལ་ཁབ་ཀྱི་ལས་དབང་བསྒྱུར་ཐུབ་མེད་པ་མ་ཟད། སོ་སོའི་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ལས་དབང་ཡང་བསྒྱུར་ཐུབ་མེད།

    ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ལ་བརྟེན་ནས་བྱུང་བའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མ་རྩ་རིང་ལུགས་དེང་རབས་ཅན་གྱི་སྐྱོན་ཆ་དོར་བའི་དེང་རབས་ཅན་ཞིག་ཡིན། ང་ཚོའི་དེང་རབས་ཅན་གྱིས་དངོས་པོའི་ཤེས་དཔལ་དང་བསམ་པའི་ཤེས་དཔལ་མཐུན་སྦྱོར་འཕེལ་རྒྱས་ལ་སྔར་བས་སྣང་ཆེན་དང་དེ་བཞིན་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྔར་བས་སྣང་ཆེན་བྱས་ཐོག་མཉམ་དུ་ཕྱུག་པོ་ཆགས་རྒྱུ་དེ་དོན་གཉེར་གྱི་དམིགས་ཚད་དུ་བྱེད་ཀྱི་ཡོད་པས། མ་རྩ་རིང་ལུགས་དེང་རབས་ཅན་དང་བསྡུར་ན་དེ་བས་སྔོན་ཐོན་དང་། དེ་བས་ལུགས་མཐུན། དེ་བས་དྲང་བདེན་བཅས་ཀྱི་དེང་རབས་ཅན་ཞིག་རེད། དེང་རབས་ཅན་འདི་ནི་ཞི་བདེ་གོང་འཕེལ་གྱི་འགྲོ་ལམ་དུ་བསྐྱོད་པའི་དེང་རབས་ཅན་ཞིག་ཡིན། ཕྱི་ཕྱོགས་སུ་རྒྱ་སྐྱེད་དང་། ཧམ་སེམས་བཙན་འཕྲོག དམག་འཁྲུག་རྒྱག་པ་བཅས་ཀྱི་མ་རྩ་རིང་ལུགས་དེང་རབས་ཅན་དང་མི་འདྲ་བར། ང་ཚོའི་དེང་རབས་ཅན་དེ་ཡང་ཀྲུང་གོ་ཡོངས་ཀྱི་མི་འབོར་དུང་ཕྱུར་14མཉམ་དུ་དེང་རབས་ཅན་ལ་བསྐྱོད་པ་ཞིག་ཡིན་པས་གཞི་ཁྱོན་འདི་ནི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཡོངས་ཀྱི་མི་འབོར་བསྡོམས་འབོར་ལས་ཀྱང་མང་བ་ཡོད། སྤྱིར་ན་ལས་འགན་དཀའ་ཚེགས་ཆེ་མོད། འོན་ཀྱང་དོན་སྙིང་ཆེ་བར་བརྟེན། དེ་ནི་མི་རིགས་ཁག་གི་བུ་ཕྲུག་དུང་ཕྱུར་14ལ་མཉམ་དུ་ཕན་བདེ་སྦྱིན་པའི་དེང་རབས་ཅན་ཞིག་རེད།

    ང་ཚོས་རང་ཉིད་ལ་བརྟེན་ནས་བྱུང་བའི་འགྲོ་ལམ་དེར་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་དུ་བསྐྱོད་ནས་རང་ཉིད་ཀྱི་ལས་ཀ་ཡག་པོ་བྱེད་དགོས་པ་དང་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་གི་ལག་པར་དམ་པོར་འཛིན་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་དུ་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་ཡངས་པ་དང་། ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་བརྟན་པ། ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་ཡག་པ་བཅས་སུ་འགྱུར་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།