དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ངོ་མཚར་བཏོད་པ།

    —— རྒྱལ་ཁབ་སྤྱི་གླིང་གིས་རྩ་ཆེའི་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པ། (སྟོད་ཆ)

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ལི་ལིན་ཧའེ། ཀྲོའུ་ཧྲེང་ཧྲེང་།   |     སྤེལ་དུས།  2023-09-24

    འདི་ནི་2022ལོའི་ཟླ་6ཚེས་29ཉིན་པར་བླངས་པའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་འགོའི་ཁུལ་གྱི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་རྣམ་སྲས་གྲོག་རོང་ཆེན་པོའི་ཟུར་ཞིག་ཡིན་པ།

    འདི་ནི་2022ལོའི་ཟླ་7ཚེས་21ཉིན་མཚོ་སྔོན་འབྲི་ཆུའི་ཆུ་འགོའི་ཁུལ་ནས་པར་བླངས་པའི་འཁྱག་རོམ་དང་མཚོ་མོ་ཡིན་པ།

    འདི་ནི་2021ལོའི་ཟླ་7ཚེས་7ཉིན་ཁུ་ཁུ་ཤིས་རིའི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་ནས་གཙོད་ལྔ་བསྐྱབས་ནས་རང་བྱུང་ཁམས་ལ་གློད་པ་དང་། ཁུ་ཁུ་ཤིས་རིའི་སྐོར་གཡེང་མི་སྣས་ཡུལ་སྲོལ་གོམས་གཤིས་ལྟར་གཙོད་ཀྱི་ཐོད་པར་མར་བྱུགས་ནས་སྨོན་འདུན་མཚོན་པར་བྱེད་བཞིན་པ།

    འདི་ནི་གསའ་གཅིག་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་ཆུ་འགོའི་ཁུལ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་རྣམ་སྲས་གྲོག་རོང་ཆེན་པོའི་ནང་ངལ་གསོ་བཞིན་པ།

    འདི་ནི་2021ལོའི་ཟླ་7ཚེས་26ཉིན་པར་བླངས་པའི་འབྲི་ཆུའི་ཆུ་འགོའི་ཁུལ་གྱི་དུང་དཀར་མུ་ཏིག་འཁྱག་རོམ་ཡིན་པ།

    འདི་ནི་2023ལོའི་ཟླ་6ཚེས་17ཉིན་པར་བླངས་པའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་ཆུ་འགོའི་ཁུལ་གྱི་ཁུ་ཁུ་ཤིས་རིའི་རྩོ་ནག་མཚོའི་ཟུར་ཞིག་ཡིན་པ།

    ཉེ་ཆར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས(རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས)དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་སྐབས་གཉིས་པ་མཚོ་སྔོན་ཟི་ལིང་དུ་འཚོགས་ཤིང་། གླེང་སྟེགས་ཀྱི་དམིགས་ཡུལ་ནི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་མ་ལག་ཆེ་ཤོས་འཛུགས་པར་ཐུན་མོང་ཐོག་གྲོས་བསྡུར་བྱས་ནས་རྩ་ཆེའི་སྲོག་ཆགས་རིགས་ལ་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྲུང་སྐྱོང་བྱ་རྒྱུ་དེ་རེད།

    2021ལོའི་10ཚེས་12ཉིན། རང་རྒྱལ་གྱིས་གཙང་གསུམ་ཆུ་འགོ་དང་། དོམ་ཁྲ། བྱང་ཤར་སྟག་གཟིག ཧའེ་ནན་གྱི་ཚ་ཁུལ་ནགས་ཚལ། ཝུའུ་དབྱི་ཧྲན་རི་བོ་སོགས་རྒྱལ་ཁབ་སྤྱི་གླིང་ཁག་དང་པོ་དངོས་སུ་བཙུགས་ཤིང་། སྲུང་སྐྱོང་གཞི་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་23ཟིན་པ་དེའི་ནང་རྒྱལ་ཁབ་ཀྱིས་གཙོ་གནད་ཐོག་སྲུང་སྐྱོང་བྱེད་པའི་སྐམ་སའི་ཁུལ་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་30%ཙམ་ཚུད་ཡོད་པ་རེད།

    མིག་སྔར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གིས་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོར་ཕྱོགས་ཡོངས་ནས་སྲུང་སྐྱོང་ཐུབ་སྟེ། གཙོད་ཁྲི་7ལྷག་ཙམ་སླར་གསོ་བྱུང་བ་དང་། དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་དུ་70%ཡན་གྱི་རི་སྐྱེས་དོམ་ཁྲ་སྲུང་སྐྱོང་བྱས་པ། བྱང་ཤར་གྱི་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་དུ་རྒྱལ་མཚམས་སྒྲོལ་བའི་འགྲོ་ལམ་ཤར་གཏོང་ཐུབ་ནས་བྱང་ཤར་གྱི་སྟག་གི་གྲངས་འབོར་50ལྷག་ཙམ་དང་བྱང་ཤར་གྱི་གཟིག་གི་གྲངས་འབོར་60ལྷག་ཙམ་ཟིན་པ། ཧའེ་ནན་ཚ་ཁུལ་ནགས་ཚལ་རྒྱལ་ཁབ་སྤྱི་གླིང་གི་ཆར་མང་ནགས་ཚལ་གྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས། ཧའེ་ནན་གྱི་སྤྲ་ལག་རིང་ཁྱུ་ཚོགས་6དང་གྲངས་འབོར་37བར་སླར་གསོ་བྱུང་བ། ཝུའུ་དབྱི་ཧྲན་རི་བོའི་རྒྱལ་ཁབ་སྤྱི་གླིང་ནས་ཡུས་ཧྲེན་སྦལ་ནག་སོགས་སྐྱེ་དངོས་རིགས་གསར་པ་17རྙེད་པ་རེད།

    རྒྱལ་ཁབ་སྤྱི་གླིང་བསྐྲུན་ཚུན་ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱ་རྒྱུར་གཞི་ཚུགས་ཤིང་། སི་ཁྲོན་གྱིས་དོམ་ཁྲའི་རྒྱུད་འཛིན་གྲངས་གཞིའི་ལས་སྟེགས་བཙུགས་པ་བརྒྱུད་དོམ་ཁྲ་500ལྷག་ཙམ་གྱི་DNAཡིག་ཚགས་ཆ་འཕྲིན་ཁོང་དུ་ཆུད་པ་དང་། མི་ཐབས་རིག་ནུས་ལ་བརྟེན་ནས་དབྱེ་བ་འབྱེད་པའི་ལག་རྩལ་སྤྱད་དེ་བྱང་ཤར་གྱི་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་གིས་སྟག་དང་། གཟིག དོམ། དབྱི་སོགས་སྲོག་ཆགས་རིགས་30ལྷག་ཙམ་ལ་AIདབྱེ་འབྱེད་ཐུབ་ཡོད། འབྲི་ཆུའི་ཆུ་འགོར་གནས་པའི་སྐུ་ལྷ་དར་གདོང་གི་འཁྱགས་རོམ་དུ་བསྐྱོད་ནས་ལྟ་ཞིབ་ཚད་ལེན་སྒྲོམ་ཚང་རླངས་འཁོར་གྱིས་ལྟ་ཞིབ་ཚད་ལེན་བྱས་འབྲས་སྲུང་སྐར་ནས་བརྒྱུད་བསྐུར་བྱེད་ཆོག་པ་དང་ཁྱིམ་ནས་འབྲི་ཆུའི་ཆུ་འགོའི་ཆུ་ཐིགས་དང་པོ་དེ་ཇི་ལྟར་བྱས་ནས་གྲུབ་མིན་མཐོང་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།