དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཤེ་ཡ་ཤར་ནུབ་འཕྲེད་བཅད་བཏང་བའི“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་བར་གྱི་རང་བྱུང་སོལ་རླངས་མདོང་ལམ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-24

    2009ལོའི་ཟླ་12ཚེས་14ཉིན། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་བར་གྱི་རང་བྱུང་སོལ་རླངས་མདོང་ལམ་དུ་དངོས་སུ་སོལ་རླངས་གཏོང་འགོ་ཚུགས་ཤིང་། དེ་ནི་ས་ཁོངས་སྒྲོལ་བའི་ཀྲུང་གོའི་རང་བྱུང་སོལ་རླངས་ཀྱི་མདོང་ལམ་གཙོ་བོ་ཐོག་མ་ཡིན་པ་དང་། གང་དེ་ད་ཆ“རྒྱུད་གཅིག་ལམ་གཅིག”གི་གཙོ་གནད་ནུས་རྒྱུའི་རྣམ་གྲངས་ཤིག་ཏུ་གྱུར་ཡོད།

    ཀྲུང་གོའི་ངོས་ནས་བཤད་ཚེ། “སོལ་རླངས་ཀྱིས་རྡོ་སོལ་གྱི་ཚབ་བྱེད་པར”སྐུལ་འདེད་གཏོང་བ་དང་། “དགུང་སྔོན་སྲུང་སྐྱོང་དམག་འཐབ”དང་དགུན་གློག་སྙོམ་སྒྲིག་སོགས་ལ་རམ་འདེགས་བྱ་རྒྱུར་རང་བྱུང་སོལ་རླངས་ཀྱིས་ནུས་པ་ཆེན་པོ་ཐོན་ཡོད། ཀྲུང་གོའི་རང་བྱུང་སོལ་རླངས་ཚོགས་པ་དང་མཉམ་ལས་བྱས་པ་བརྒྱུད་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱང་ནུས་ཁུངས་ཁྲོམ་ར་ཆེན་པོར་མཉམ་འདྲེས་ཐུབ་ཡོད། ཏུར་མེན་སི་ཐན་གྱིས“རྡོ་སྣུམ་བཟོ་པའི་དུས་ཆེན”ཏེ། ཟླ་12ཚེས་14ཉིན“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་བར་གྱི་རང་བྱུང་སོལ་རླངས་མདོང་ལམ”ནས་དངོས་སུ་སོལ་རླངས་གཏོང་འགོ་ཚུགས་པའི་ཉིན་མོར་གཏན་འཁེལ་བྱས་ཡོད་པ་དང་། ཧ་སག་སི་ཐན་དང་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་གཉིས་སུ“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་བར་གྱི་རང་བྱུང་སོལ་རླངས་མདོང་ལམ”འཛུགས་སྐྲུན་དང་ལས་གཉེར་བྱས་པ་ལས། ས་ཆ་དེ་གར་གནས་སྐབས་ཀྱི་ལས་ཞུགས་ལས་གནས་ཁྲི་1.1ལྷག་ཙམ་དང་དུས་ཡུན་རིང་པོའི་ལས་ཞུགས་ལས་གནས་1600ལྷག་ཙམ་མཁོ་འདོན་བྱས་ཡོད། མདོང་ལམ་ལས་གཉེར་ལོ་30བྱེད་རིང་། ད་དུང་ཁྲལ་འབབ་ཨ་སྒོར་དུང་ཕྱུར་བརྒྱ་ཡན་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།