དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》

    (གནད་བསྡུས་ངོ་སྤྲོད)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-24

    (2016ལོའི་ཟླ་10ཚེས་27ཉིན)

    《ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས》

    《ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཚོགས་འདུ་ཐེངས་གཉིས་པར་གནང་བའི་གསུང་བཤད་ནང་གི་ཆ་ཤས་ཤིག་རེད། རྩོམ་ཡིག་ནང་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་ཤིང་གཙོ་གནད་ལ་ཤུགས་ཀྱང་འདོན་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་། དེ་བཞིན་ཏང་ནང་ཁུལ་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་ནི་གཙོ་གནད་ལ་ཤུགས་འདོན་པའི་དམ་འཛིན་བྱ་གཞི་ཞིག་ཀྱང་རེད། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྨང་གཞི་རེད། ཏང་གིས་ཏང་ལ་དོ་དམ་བྱེད་པར་དང་ཐོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་དོ་དམ་བྱེད་པ་ནས་འགོ་འཛུགས་དགོས་པ་དང་། ཏང་ནན་པོས་སྐྱོང་བར་དང་ཐོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་ནས་འགོ་འཛུགས་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་བྱེད་ཐབས་སྣ་ཚོགས་ཀྱི་ཆེས་གཞི་རྩར་གྱུར་པ་དང་ཨང་དང་པོ་དེ་རེད། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་བརྟེན་ནས་ལྟ་སྐུལ་གཞན་དག་ལ་སྐུལ་ཁྲིད་དང་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་བཏང་ཚེ། གཞི་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་བྱེད་ཐུབ། རྩོམ་ཡིག་ནང་ནན་བཤད་གནང་དོན། ཚང་འཛོམས་གྲོས་ཚོགས་ལ《དུས་བབ་གསར་པར་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》ལ་གྲོས་འཆམ་བྱུང་བ་ནི། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་ཁྲིམས་སྲོལ་གལ་ཆེན་གྱི་འགན་ལེན་ཞིག་རེད། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་། དེ་བཞིན་ཏང་ནང་ཁུལ་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ན། ངེས་པར་དུ་འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པ་ནས་འགོ་འཛུགས་དགོས།

    《ཚད་མཐོའི་རིག་གནས་ཀྱི་གདེང་ཚོད་ཡོད་དགོས》

    (2016ལོའི་ཟླ་11ཚེས་30ཉིན)

    《ཚད་མཐོའི་རིག་གནས་ཀྱི་གདེང་ཚོད་ཡོད་དགོས》ཞེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འགོ་ཚུགས་མཛད་སྒོར་གནང་བའི་གསུང་བཤད་ནང་གི་ཆ་ཤས་ཤིག་རེད། རྩོམ་ཡིག་ནང་བསྟན་དོན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་དགོས། རིག་གནས་ཀྱི་གདེང་ཚོད་ནི་དེ་བས་རྨང་གཞི་ཡིན་པ་དང་། དེ་བས་ཁྱབ་རྒྱ་ཆེ་བ། དེ་བས་གཏིང་ཟབ་པ་བཅས་ཀྱི་གདེང་ཚོད་རེད་ལ། དེ་བས་གཞི་རྩ་དང་། དེ་བས་གཏིང་ཟབ། དེ་བས་རྒྱུན་རིང་བཅས་ཀྱི་སྟོབས་ཤུགས་ཀྱང་རེད། རིག་གནས་ཀྱི་གདེང་ཚོད་བརྟན་པོ་ནི་རྒྱལ་ཁབ་ཀྱི་ལས་དབང་དར་རྒུད་དང་འབྲེལ་བ་ཡོད་ཅིང་། རིག་གནས་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་ལ། མི་རིགས་ཀྱི་སྙིང་སྟོབས་རང་ཚུགས་ཅན་དང་འབྲེལ་བ་ཡོད་པའི་གནད་དོན་ཆེན་པོ་ཞིག་རེད། རྩོམ་ཡིག་ནང་ནན་བཤད་གནང་དོན། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བར། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཤེས་ཤིང་སྤྱོད་པ་དང་ཁ་འབྲལ་ཐབས་མེད་ཅིང་། རྐང་འོག་གི་སྐྱེ་ས་དང་འཚར་སའི་ས་གཞི་འདིར་རྩ་བ་ཚུགས་ཚེ། རྩོམ་རིག་སྒྱུ་རྩལ་གཞི་ནས་ཡུལ་བབ་དང་བསྟུན་ཐུབ་པ་དང་། བློ་སྤོབས་འཕེལ་བ། གསོན་ཤུགས་རྒྱས་ཐུབ་ཅིང་། འཛམ་གླིང་རིག་གནས་ཀྱི་ཡོ་ལང་ཁྲོད་དུ་རྐང་པའང་བརྟན་པོར་འཛུགས་ཐུབ།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།