དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་སི་རི་ཡའི་ཙུང་ཐུང་པཱ་ཧྲར་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-24

    ཟླ་9ཚེས་22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲོའུ་ཤིས་ཧུའུ་མཚེའུ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་19པའི་འགོ་ཚུགས་མཛད་སྒོར་ཞུགས་མཁན་སི་རི་ཡའི་ཙུང་ཐུང་པཱ་ཧྲར་དང་མཇལ་འཛོམས་གནང་བ།

    ཟླ་9ཚེས་22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲོའུ་ཤིས་ཧུའུ་མཚེའུ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་19པའི་འགོ་ཚུགས་མཛད་སྒོར་ཞུགས་མཁན་སི་རི་ཡའི་ཙུང་ཐུང་པཱ་ཧྲར་དང་མཇལ་འཛོམས་གནང་བ་མ་ཟད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་སི་རི་ཡའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། སི་རི་ཡ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ཨ་རབ་རྒྱལ་ཁབ་ཀྱི་གྲས་ཤིག་རེད་ལ། སྐབས་དེ་དུས་མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་གོ་གསར་པའི་ཁྲིམས་མཐུན་གདན་ཐོབ་སླར་གསོའི་གྲོས་གཞི་འདོན་མཁན་རྒྱལ་ཁབ་ཀྱི་གྲས་ཤིག་ཀྱང་རེད། ཕྱི་འབྲེལ་བཙུགས་ནས་ལོ་67སོང་རིང་། ཀྲུང་གོ་དང་སི་རི་ཡའི་དབར་གྱི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ཅིང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཡོད།

    ཀྲུང་གོ་དང་སི་རི་ཡའི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ཡིན་པ་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཐོག་སྔ་འཛིན་ཕྱི་གཏོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ། ཀྲུང་གོ་དང་སི་རི་ཡའི་དབར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ཏེ། རྒྱལ་ཁབ་གཉིས་པོ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡས་ཕྱི་ནས་ཐེ་ཇུས་བྱེད་པར་ངོ་རྒོལ་དང་། ཕྱོགས་རྐྱང་པའི་བཙན་བརྙས་ལ་ངོ་རྒོལ་བྱས་ནས་རྒྱལ་ཁབ་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་དང་། སི་རི་ཡས་བསྐྱར་སྐྲུན་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ“སི་རི་ཡ་བས་གཙོ་ཁྲིད་དང་སི་རི་ཡ་བར་དབང་བའི”རྩ་དོན་ལྟར་ཆབ་སྲིད་ལ་བརྟེན་ནས་སི་རི་ཡའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཨ་རབ་རྒྱལ་ཁབ་གཞན་དག་དབར་གྱི་འབྲེལ་བ་ལེགས་སུ་བཏང་སྟེ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ནང་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། སི་རི་ཡའི་སྤུས་ལེགས་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་མཉམ་དུ་དོན་འཁྱོལ་ཡག་པོ་བྱས་ཏེ་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།

    པཱ་ཧྲར་གྱིས་བསྟན་དོན། ཀྲུང་གོས་རང་ངོས་ཀྱི་འབད་འཐབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་གྲུབ་འབྲས་ཐོབ་པའི་ངང་བསྐྱོད་ཡོད། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་གྱི་ཕྱོགས་སུ་ལངས་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་ཕྱོགས་སུ་ལངས་ནས། དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་གནང་བའི་དམིགས་ཡུལ་ནི་མཉམ་ལས་ལ་བརྟེན་ནས་མི་ཚང་མར་བདེ་འཇགས་དང་འཕེལ་རྒྱས་ཡོང་བར་རོགས་རམ་དང་། ཞི་བདེ་དང་དར་རྒྱས་ཀྱི་འབྱུང་འགྱུར་མཉམ་སྤྱོད་ཡོང་ཆེད་ཡིན་པས། སི་རི་ཡ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་དང་འབྲེལ་དེའི་ནང་ཧུར་ཐག་ཞུགས་རྒྱུ་ཡིན། སི་རི་ཡ་ཕྱོགས་ཀྱིས་ཀྲུང་གོར་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་སྙིང་དབུས་ནས་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུང་གོ་སྲིད་གཞུང་གིས་སི་རི་ཡའི་མི་དམངས་ལ་རྩ་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱེད་སྤྱོད་གང་རུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། ཀྲུང་གོའི་ཡུན་རིང་གི་གྲོགས་པོ་དང་རོགས་ཟླ་བརྟན་པོ་ཞིག་བྱེད་འདོད་ཡོད། སི་རི་ཡ་ཕྱོགས་ཀྱིས་སི་རི་ཡ་དང་ཀྲུང་གོའི་དབར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པ་གོ་སྐབས་སུ་བྱས་ནས། ཕྱོགས་གཉིས་པོའི་མཛའ་གྲོགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱེད་འདོད་ཡོད།

    མཇལ་འཛོམས་གནང་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤེལ་རེས། དཔལ་འབྱོར་ལག་རྩལ་མཉམ་ལས་སོགས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད་པའི་དཔང་པོ་གནང་བ་རེད།

    ཕྱོགས་གཉིས་པོས《འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་རབ་ཀྱི་སི་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།