དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-24

    ཟླ་9ཚེས་22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲོའུ་ཤིས་ཧུའུ་མཚེའུ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་19པའི་འགོ་ཚུགས་མཛད་སྒོར་ཞུགས་མཁན་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་དང་མཇལ་འཛོམས་གནང་བ།

    ཟླ་9ཚེས་22ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲོའུ་ཤིས་ཧུའུ་མཚེའུ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་19པའི་འགོ་ཚུགས་མཛད་སྒོར་ཞུགས་མཁན་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་པཱ་ཧོ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་ཀྲུང་གོའི་ཨོ་ལིམ་ཕིག་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་ཡུན་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།  

    ཞི་ཅིན་ཕིང་གིས་ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་ཐོན་ནས་བྱུང་བའི་འགྲན་སློང་དྲག་པོའི་མདུན་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་ཨོ་ལིམ་ཕིག་གི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་། ཨོ་ལིམ་ཕིག་གི་སྙིང་སྟོབས་དར་སྤེལ་གཏོང་བ། ཨོ་ལིམ་ཕིག་གི་དམིགས་ཡུལ་ལག་བསྟར་བྱེད་པ། ལུས་རྩལ་ཆབ་སྲིད་ཅན་ལ་ངོ་རྒོལ་བྱེད་པ། རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་དཀའ་སེལ་མདུན་སྐྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོང་དང་མིའི་རིགས་ཀྱི་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་དམིགས་བསལ་གྱི་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་པ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལས་དོན་ནང་ཧུར་ཐག་ཞུགས་ནས“དེ་བས་མྱུར་བ་དང་། དེ་བས་མཐོ་བ། དེ་བས་སྟོབས་ལྡན། དེ་བས་མཐུན་སྒྲིལ”བཅས་ཀྱི་ཨོ་ལིམ་ཕིག་གི་ལེགས་བཤད་ལག་ལེན་བསྟར་གྱི་ཡོད། ན་ནིང་ཀྲུང་གོས་ཏོག་གསར་རིམས་ནད་སོགས་ཀྱི་འགྲན་སློང་ཁྱད་བསད་བྱས་ནས་འཛམ་གླིང་ལ“སྟབས་བསྡུས་དང་། བདེ་འཇགས། ངོ་མཚར་ཆེ་བ”བཅས་ཀྱི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་ཤིག་གཉེར་བ་དང་པེ་ཅིང་འདི་ཉིད་གོ་ལ་ཧྲིལ་པོའི“ཨོ་རྩལ་འགྲན་ཚོགས་གཉིས་གཉེར་མཁན་གྱི་གྲོང་ཁྱེར”དང་པོར་གྱུར་ཡོད། ཀྲུང་གོས་ཨོ་ལིམ་ཕིག་གི་སྙིང་སྟོབས་བརྒྱུད་སྤེལ་བྱེད་པའི་གོམ་སྟབས་དུས་ནམ་ཡང་མཚམས་འཇོག་བྱེད་མྱོང་མེད་ལ། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་དང་མཉམ་དུ་ལུས་རྩལ་ཆབ་སྲིད་ཅན་མིན་པའི་རྩ་དོན་མཐའ་འཁྱོངས་ཀྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤུལ་བཞག་གང་ལེགས་སྤྱད་དེ། ཨོ་ལིམ་ཕིག་གི་བྱ་གཞག་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་འདོད་ཡོད། མིག་སྔར་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལེགས་གྲུབ་ཟིན་ཞིང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ལ“ཀྲུང་གོའི་ཁྱད་ཆོས་དང་། ཨེ་ཤེ་ཡའི་ཉམས་འགྱུར། ངོ་མཚར་ཆེ་བ”བཅས་ཀྱི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཤིག་གཉེར་ནས་ཨོ་ལིམ་ཕིག་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་དང་ཨེ་ཤེ་ཡའི་མི་དམངས་ཀྱི་མཐུན་སྒྲིལ་དང་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།

    པཱ་ཧོ་ཡིས། ངས་ཀྲུང་གོར་འཚམས་འདྲི་བྱེད་རིམ་བཞིན་ལྷག་བསམ་དང་སྤྲོ་སྣང་ཟབ་མོ་འཆང་གི་ཡོད། ཀྲུང་གོ་སྲིད་གཞུང་གིས་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་ཀྲུང་གོ་མི་དམངས་དང་འཛམ་གླིང་མི་དམངས་ཚང་མར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤུལ་བཞག་ཁྲོད་ནས་རྒྱུན་མཐུད་ཕན་པ་ཐོབ་རྒྱུ་རེད། མིག་སྔར་འཛམ་གླིང་ལ་ས་འབྲེལ་གདོང་ཐུག་སོགས་ཀྱི་དཀའ་ངལ་སྣ་ཚོགས་འཕྲད་བཞིན་ཡོད་པ་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པར་གཞོལ་ཏེ་ལུས་རྩལ་ཆབ་སྲིད་ཅན་ལ་ངོ་རྒོལ་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་འཛིན་པའི་ཡང་དག་པའི་ལངས་ཕྱོགས་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་ཀྲུང་གོ་དང་གྲུབ་འབྲས་ཐོབ་པའི་ངང་མཉམ་ལས་བྱས་པར་བློ་ཡིད་ཚིམ་ཡོད། ཀྲུང་གོས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་བྱ་གཞག་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཀྲུང་གོ་དང་མཉམ་ལས་བྱེད་པར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དེ་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས་ཨེ་ཤེ་ཡའི་མཐུན་སྒྲིལ་དང་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།